| | e-texts navigator
|
3b1 ཤིང་བུ་རིགས་དང་མཐུན་པ་ཡི། སྒོམ་ཕྲ་རིགས་ཀྱི་བདག་པོ་ཙམ། དྲི་མེད་ཐུན་དང་སུམ་ལྡན་པའི།། ཁྲག་རྫིམ་པསྐྱེད་མཆོད་རྫས་ཀྱིས། ཁྱེ་རོ་ན་ནའི་ལམ་དུ་མཆོད།
3b2 དྲི་མ་ཆུ་ཡི་ཁྲུས་བྱས་ཏེ།། ཁྲུས་ཀྱིས་ལུས་ལ་མཆོད་པ་དབུལ། སྨན་དང་སྣུམ་གྱི་ཕྱེ་མ་ཡིས།། སྒོ་གཉིས་དག་ཏུ་མཆོད་པ་དབུལ།། ཤིན་ཏུ་དྲོ་བའི་མེ་དག་གིས། གདུམ
3b3 མོའི་མེ་ལ་མཆོད་པ་དབུལ། རྐེད་པའི་ཚད་མཉམ་ཀརྟི་ཀ། གདན་ཁྲི་བསྒྲུབ་པའི་མཆོད་པ་དབུལ།། དེ་ཡིས་འདྲོངས་པར་གདོན་མི་ཟ།། དེ་ནས་རྒྱས་པར་བྱ་བ་ཡང་།། གཞན
3b4 ནི་གོང་དང་འདྲ་བ་སྟེ།། ཕྱི་ནང་འདོད་པའི་མཚན་མ་ཀུན།། རྒྱས་པར་བྱེད་པའི་ལམ་ཡིན་ཏེ། བརྒྱད་པའི་སྦྱོར་བ་གསུམ་བྱས་ན།། དཔེར་ན་མེ་ཏོག་པདྨ་བཞིན།། དེ་ནས་དབྱེ་བའི་རིམ
3b5 པ་ཡང་། གོང་དུ་གསུངས་པ་ཐུན་མོང་སྟེ།། དུས་གསུམ་ལྕེ་ཡི་རྩེ་མོས་ཀྱང་།། བསྐྱོད་ན་ངེས་པར་ཁ་འབྱེད་དེ།། དེ་ཉིད་གསུམ་ནི་མེ་རང་བཞིན།། མེ་འབར་བ་ཡི་རྐྱེན་གྱུར་པ།
3b6 རླུང་ཉིད་ཡིན་པར་གསུངས་པ་སྟེ།། རྐྱེན་དེས་མེ་ཉིད་འབར་བ་བཤད།། གཞན་ཡང་རྐྱེན་གྱི་བྱེ་བྲག་དང་།། སྲོག་རྩོལ་རླུང་ནི་དབུ་མར་དགག། བུམ་པ་ཞབས་མེད་རླུང་ཕུལ་ནས།། སྒོ་དགུ་ཕྱི
3b7 རོལ་དྲག་ཏུ་བུད།། ལུས་ཀྱི་ངལ་དུབ་ཆ་བསྙམ་སྟེ།། སྦྱོང་བ་རྫོགས་ན་བདེ་བའི་རྐྱེན།། བདེ་བ་ལས་ནི་རྡོ་རྗེ་འཆང་། བདེ་བ་ཡིས་ནི་བདེ་བ་འགྲུབ།། རྒྱུ་བདེ་བ་ལས་འབྲས་བུ་བདེ།། རྒྱུ་ཡི་ནང
iiif viewer powered by OpenSeadragon
3a - 4a