e-texts navigator
Collection
Volume
Page
Wylie

37b1 ནགས་ཀྱི་རྡོ་རྗེ་གསུམ་ཡིན་ཏེ།། རྩེ་གསུམ་རྩེ་ཝ་རྩེ་དགུ་སྟེ།། རྩེ་གསུམ་སུ་གསུང་ཐུགས་ཀྱི་ཆགས།། རྗེ་ལྔ་ཡེ་ཤེས་ལྔ་ཡིན་ཏེ།། ཁམས་གསུམས་དགུ་འཇོམས་པ་འི།། དགས་སུ་རྡོ་རྗེ་རྩེ་དགུའོ།།
37b2 རྫས་ཀྱི་རྡོ་རྗེ་བཞི་ཡིན་ཏེ།། མི་ཤེས་དྲི་མ་ཆེས་གོས་པའི།། དུད་འགྲོར་སྐྱེས་པའི་ཕག་མོ་དང་།། ཤེས་རབ་ཆར་ཕྱུང་ཕག་མོ་སྟེ།། དེ་ཉིད་རྣམ་པ་བཞི་རུ་ངེས།། བུམ་དབང་ཞེ་སྡང་གཏི་མུག་ཕག
37b3 གསང་དབང་རླུང་གི་གཏི་མུག་ཕག། གསུམ་པ་ཆགས་དགའ་གཏི་མུག་ཕག། བཞི་པ་ཆོས་དབྱིངས་གཏི་མུག་ཕག། འདི་ཉིད་ཁྱོད་ལ་ལེགས་པར་གཏད།། ཐམས་ཅད་རྗེས་སུ་ཡི་རང་ངོ་།། དཔལ།
37b4 མེའི་འཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཧེ་རུ་ཀའི་ངེས་པ་འབྱུང་བ་རྫོགས་སོ།། བླ་མ་གྷ་ཡ་དྷ་ར་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།།
37b5 རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་གུ་ཧྱ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ཀྱི་རྒྱལ་པོ།། དཔལ་ཧེ་རུ་ཀ་ལི་ཕྱག་འཚལ་ལོ།། ཀྱེ་ཧོ་མངོན་རྫོགས་རྒྱལ།
37b6 བོ་རྩེ་དབང་རྣམས་དམ་པར་ཡོད་དམ་ཅི།། གཙོ་འཁོར་ཁྱད་པར་མེད་དམ་ཅི།། སེམས་ཅན་དང་ནི་སངས་རྒྱས་ལ།། བྱེ་བྲག་ཐ་དད་མེད་དམ་ཅི།། དམ་ཆོག་ཆེ་ཆུང་མེད་དམ་ཅི།། དེ་ཉམས་བཤགས་ཐབས
37b7 ཡོད་དམ་ཅི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་རྟོག་གཟུང་འཛིན་དགག་པ་དང་། རང་རིག་ཡོ་ཤེས་ཐུགས་པའི་བྱེད། དབང་རྣམས་སྒྱུམ་ཙམ་དུ་ཡོད།། རྣལ་འབྱོར་སེམས་ཀྱི་ངོ་བོས




iiif viewer powered by OpenSeadragon

37a - 38a

Texts on this page

Ty058-014 - dpal me'i phreng ba'i rgyud kyi rgyal po
Ty058-015 - dpal mkha' 'gro ma gsang ba 'bar ba'i rgyud kyi rgyal po