| | e-texts navigator
|
17b1 པ་བརྩེགས་མར་བཅིག། མི་འཆི་བཅུ་ཕྱེད་སྙིང་པོ་དང་།། ཙན་དན་གུར་ཀུམ་ལ་སོགས་པའི།། དྲི་ཡིས་བླུགས་ཤིང་བསྒོ་བར་བྱ།། ཙན་དན་དམར་པོ་ལ་སོགས་པའི།། དྲི་ཞིམ་ལྡན་པའི་ཤིང་བུའམ།
17b2 ཡང་ན་འབྲས་བུ་ཡོད་པ་ཡི།། བུད་ཤིང་ཚད་དང་ལྡན་པ་ཡིས།། ཟབ་ཁུང་ཆེན་པོར་རྫོགས་པར་བརྩིག། ཐ་མ་དམ་པ་མཉེས་བྱས་ལ།། ཞལ་ནས་ཡང་དག་ཤེས་པར་བྱ།། ཟུར་བཞི་རྒྱལ་པོ
17b3 ཆེན་པོ་བཞི།། ཕྱོགས་བཞི་མི་འཇིགས་སེང་གེ་བརྒྱད།། ཀ་བ་བཞི་དང་གདུང་བཞིར་ལྡན།། ཆོ་ག་ཡོངས་སུ་རྫོགས་པ་དང་།། རིག་པའི་དཀྱིལ་འཁོར་གཞུག་པ་དང་།། སྔར་གྱི་དབང་ཐོ
17b4 རྫོགས་པར་བསྐུར།། དེ་ནས་རྒྱུན་བཞག་མེ་སྦར་ཏེ།། མེ་ལྷ་ལ་སོགས་གཞན་དང་འདྲ།། དེ་ནས་རིག་པ་དེ་ཉིད་ཀྱང་།། མེ་ཡི་ཁང་པ་མཛེས་པ་རུ།། རང་བཞིན་སྤྱན་དྲངས་བཞུགས་སུ་གསོལ།
17b5 མེ་མཆོད་སྡིག་པ་སྲེག་པའོ།། སྔགས་དང་རྫས་སོགས་གཞན་དང་འདྲ།། མེ་དང་དུ་བ་རླུང་སོགས་ཀྱི།། མཚན་མ་མཁས་པས་བརྟག་བྱ་སྟེ།། བཀྲ་ཤིས་རྟགས་རྣམས་བྱུང་ན་ལེགས།།
17b6 མེད་ན་སྡིག་པ་བསྲེག་པར་བྱ།། གདུང་ལ་སོགས་པ་བྱུང་ན་རབ།། མ་བྱུང་ན་ཡང་ཆོ་ག་རྣམས།། རྫོགས་པ་ལས་བྱུང་རུས་པ་རྣམས།། འདི་ནི་ཐལ་བ་ཆེན་པོ་སྟེ།། དེ་ལས་གཞན་པ་ཐལ
17b7 བར་གསུངས།། དེ་ནས་རུས་པ་ཞག་གསུམ་ནི།། གུར་ཀུམ་ལ་སོགས་དྲིས་གཏོར་ཏེ།། རུས་པའི་མཚན་མ་བརྟག་བྱེ་སྟེ།། ཁ་དོག་དབྱིབས་དང་དྲི་དང་རོ།། བླ་མའི་ཞལ་ནས་ཤེས་པར་བྱ།
iiif viewer powered by OpenSeadragon
17a - 18a