e-texts navigator
Collection
Volume
Page
Wylie

515b1 པ་པོ་མེད་བསྒོམ་བྱ་མེད།། དམིགས་མེད་གནས་སུ་སྙིང་རྗེ་དང་།། དམིགས་མེད་གནས་སུ་ཤེས་རབ་གཉིས།། བློ་དང་ལྷན་ཅིག་གཅིག་གྱུར་པ།། ནམ་མཁའ་ནམ་མཁའི་རང་བཞིན་ནོ།། རང
515b2 རིག་ཡེ་ཤེས་གང་འདོད་པས།། མཚན་མའི་རྣམ་རྟོག་སྒོམ་པ་མིན།། དམན་པ་རྣམས་ལ་སྐུར་མི་གདབ།། དེ་ཉིད་ལ་ཡང་སྒོ་མི་གདགས།། དང་པོར་བསྐལ་པར་བསྒོམས་པ་དང་།། རང་རིག
515b3 སྐད་ཅིག་ཐོབ་པ་ཉིད།། བརྒྱ་སྟོང་ལ་སོགས་ཆར་མི་ཕོད།། དཔེ་དང་བགྲང་བར་མི་ནུས་ཏེ།། དཔེར་ན་མཚོ་དང་རླབས་རྗེས་བཞིན།། དངོས་པོ་བསྒོམ་པ་སྒོམ་པ་མིན།། དངོས་དང་དངོས
515b4 མེད་རོ་མཉམ་ན།། མ་བསྒོམས་ན་ཡང་སྒོམ་པ་ཉིད།། སྒོམ་དང་མི་སྒོམ་གཉིས་ཀ་མེད།། འོད་གསལ་དེ་ལ་སེམས་ཟིན་ན།། གཟུང་འཛིན་དགྲ་ཡི་དཔུང་རྣམས་འཇོམས།།
515b5 ཕྱོགས་བཅུ་འཇིག་རྟེན་ཁམས་བཅས་པའི།། དཔའ་བོ་མཁའ་འགྲོ་མཆོད་པའི་གནས།། རབ་ཀྱིས་མཉམ་གཞག་རྗེས་ཐོབ་སྤང་།། འབྲིང་གིས་རྗེས་ཐོབ་སྟོང་པར་བལྟ།། ཐ་མས
515b6 རྗེས་ཐོབ་སྒྱུ་མར་བལྟ།། སེང་གེ་ལྟ་བུའི་ལྟ་སྤྱོད་ནི།། བཞི་པ་ཡིན་པར་ང་ཡིས་གསུངས།། དེ་ནས་སྤྱོད་པའི་རྒྱལ་པོ་བཤད།། སྤྱོད་པ་རྣམ་པ་གསུམ་ཡིན་ཏེ།། ཀུན་ཏུ་བཟང་པོ་འབུ
515b7 སུ་ཀུ་ཨ་བ་དྷཱུ་ཏཱི་གསུམ་ཡིན་ནོ།། སྤྱོད་པའི་དུས་དང་གནས་དང་ཟས།། གང་ཟག་དང་ནི་དབྱེ་བ་དང་།། ངོ་བོ་དང་ནི་ཚད་དང་ཡང་།། ཐབས་དང་དགོངས་པ་དགོངས་པ་དང་། མཁས




iiif viewer powered by OpenSeadragon

515a - 516a

Texts on this page

Ty057-019 - dpal ye shes phreng ba'i rgyud kyi rgyal po