| | e-texts navigator
|
485b1 སྒྲ་ལ་སོགས་པའི་དེ་བཞིན་ནོ།། འདོད་ཆགས་ཞེ་སྡང་གཏི་མུག་སོགས།། ཉོན་མོངས་ནས་ནི་རྒྱུ་བ་སྟེ།། བྱམས་དང་སྦྱིན་སོགས་དེ་བཞིན་ནོ།། བཟོ་སོགས་བཏང་སྙོམས་དེ་བཞིན་ཏེ།། བསམ་གྱིས་མ།
485b2 ཁྱབ་རྒྱུ་ཡི་དུས།། བླ་མའི་ཞལ་ནས་ཤེས་པར་བྱ།། སྦྱིན་དང་ཚུལ་ཁྲིམས་ལ་སོགས་དང་།། བྱམས་དང་སྙིང་རྗེ་ལ་སོགས་པའི།། མདོར་ན་དཀར་པོའི་ཆོས་རྣམས་དང་།། བཟོ་དང་སྤུ་རྩལ་ལ་སོགས་དང་།།
485b3 བསྐྱེད་རྫོགས་སྒོམ་པའི་རིམ་པ་ཀུན།། སྐྱེ་བ་གཅིག་གམ་དུ་མས་ནི།། ཡོངས་སུ་རྫོགས་པར་གྱུར་པ་དང་།། འཁོར་བའི་ཆོས་ལ་གང་སྐྱོ་བ།། བསམ་མི་ཁྱབ་ལ་འཇུག་པའི་དུས།། བསྐྱེད་དང་རྫོགས
485b4 སོགས་མི་གནས་ཤིང་།། རྫོགས་པ་ཆེན་པོ་གང་འདོད་པ།། དེ་ཡང་འཇུག་པའི་དུས་ཡིན་ཏེ།། བདུད་རྣམས་བསམ་གྱིས་མི་ཁྱབ་པས།། བར་མ་ཆོད་པར་འཇུག་པའི་དུས།། གཟུང་བའི་ཐབས་ནི།
485b5 བཅོ་བརྒྱད་དེ།། མཁའ་མཉམ་གཞི་བཅས་གཞི་མེད་དང་།། གཡུལ་དྲུག་དུག་གསུམ་རྟེན་པ་དང་།། ལྷན་ཅིག་སྐྱེས་ཉིད་སྒྲ་ལ་རྟེན།། ས་ཆུ་མེ་རླུང་སྒྲ་རྟེན་ནོ།། ཆོས་རྣམས་གཟོད་ནས་མ་སྐྱེས་པའི།།
485b6 རང་རིག་སྒོམ་པ་མཁའ་མཉམ་སྟེ།། ཟླུ་མས་སེམས་གཟུང་དང་པོར་གཅེས།། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ།། སེམས་ནི་གཟོད་ནས་མ་སྐྱེས་པ།། གཞི་བཅས་རང་རིག་རྣལ་འབྱོར་རོ།།
485b7 སེམས་ནི་གཟོད་ནས་རང་རིག་པ།། གཞི་མེད་བསམ་གྱིས་མི་ཁྱབ་པའོ།། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས།། དེ་བརྟེན་སེམས་གཟུང་བླ་མ་ལས།། སྐྱེས་བུས་འབད་དེ་བླང་བར་བྱ།། དེ་བཞིན་འདོད
iiif viewer powered by OpenSeadragon
485a - 486a