| | e-texts navigator
|
466b1 མེད་པར་འགྱུར་རོ།། དེ་ལྟར་བྱས་ན་ཉོན་མོངས་པ་ཅན་མ་ཡིན་པ་དང་། དག་པ་དང་མ་དག་པ་ཉིད་སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་དེ་ཇི་ལྟར་ན་ཉོན་མོངས་པའང་མ་ཞིམ་དག
466b2 པའང་མ་ཡིན་ནོ།། ཉོན་མོངས་པ་གློ་བུར་གྱི་ཕྱི་ལྟར་ཉོན་མོངས་པ་ཅན་མ་ཡིན་ཞིང་དག་པ་ཅན་མ་ཡིན་ཞིང་དག་པའང་མ་ཡིན་ནོ།། དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་གསུངས་སོ།། དེ་ལ་སྟོང་པ་ཉིད་ཀྱི།
466b3 མདོར་བསྡུས་པའི་དོན་བསྒྲུབ་པ་ཡིན་ནོ།། ཡང་གསུངས་པ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་ལ་སོགས་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པ
466b4 འབྱུང་བའོ།། དེ་ལ་ཇི་ལྟར་འདོད་ཆགས་རྣམ་པར་ལྡོག་ཅེ་ན། གལ་ཏེ་དེ་དང་འགལ་བའི་ཕྱིར་རོ་ཞེ་ན། ཡིན་མོད་ཀྱི་གང་ཞིག་དེ་སྐད་དུ་འདོད་ཆགས་ཀྱི་བདག་ཉིད་དུ་བྱེད་པ་ན་འདོད་ཆགས་དང་བྲལ་བ་ཡིན་ནོ།།
466b5 དེ་བཞིན་དུ་གསུངས་པ། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི་འདོད་ཆགས་ཀྱི་ཡེ་ཤེས་ནི་རྙོག་པ་མེད་པ་སྟེ། འདོད་ཆགས་འདོད་ཆགས་དང་བྲལ་བ་བཅོམ་ནས་བདེ་བ
466b6 ཐམས་ཅད་སྦྱིན་པར་བྱེད་དོ།། འདོད་ཆགས་ལ་སོགས་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་མེད་པ་དང་བཅས་པ་སྟེ། གཞན་དུ་རྒྱུན་དུ་ཞུགས་པའི་འདོད་ཆགས་རྙེད་པ་ཡིན་ན་དེའི་འདོད་ཆགས་ལ་སོགས་པ་ཡོངས
466b7 སུ་མི་སྤོང་བར་སྤྱོད་ན། འོན་ཏེ་རིམ་པའི་ཁྱད་པར་ལས་ཡོན་ཏན་གྱི་ཁྱད་པར་འབྱུང་བར་འགྱུར་རོ།། དཔེར་ན་ཀེ་ཏ་ཀའི་མེ་ཏོག་དྲིའི་གླང་པོ་ཆེས་ཟོས་ན་གླ་རྩི་ལ་སོགས་པའི་དངོས་པོ་འགྱུར་རོ།། གླང་པོ་ཆེ་ཕལ
iiif viewer powered by OpenSeadragon
466a - 467a