e-texts navigator
Collection
Volume
Page
Wylie

318a1 གནོད་སྦྱིན་རོ་ལངས་སྲིན་པོ་དང་།། ཧེ་རུ་ཀ་ཡི་ང་རྒྱལ་གྱིས།། དེ་ལ་གཏོར་མ་སྦྱིན་པར་བྱ།། ཅང་ཏེའུ་རྡོ་རྗེ་དྲིལ་བུ་དང་།། གར་དང་རོལ་མོ་བྱེད་པ་དང་།། ཕྱོགས
318a2 ཀྱི་གོས་ཅན་ཕྱག་རྒྱར་ལྡན།། ཧཱུ~ཾ་ཧཱུཾ་ཕཊ་ཀི་ལི་ཀི་ལི་བྱ།། གཡས་བརྐྱང་བ་ཡི་སྦྱོར་བ་ཡིས།། འབར་བའི་ཕྱག་རྒྱ་བཅིང་བར་བྱ།། དམ་ཚིག་ཁ་རུ་བཅུག་ནས་ནི།། སྔགས་འདི་རྗེས་སུ
318a3 དྲན་པར་བྱ།། ཨོཾ་ཨཿ་ར་ལི་ཧོཿཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱ~ཾ་ས་མ་ཡ་སྟཾ་ཌི་ཤྱ་ཧོཿདེ་སྐད་གསུམ་མམ་བཞི་དང་ལྔར་བརྗོད་པར་བྱའོ།། གཡས་སྐོར་དང་གཡོན་སྐོར་གྱིས་ཀྱང་ཐོད་པའི་ནང་གི་སྦྱིན་པར
318a4 བྱ་བ་རྣམས། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། སྔགས་འདི་བརྗོད་དོ།། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་རཀྵ་ཡཀྵ་སརྦ་བྷུད་ཏ་པྲེ་ཏ་པི་ཤ་ཙེ་ཨུད་མ་ཏ་ཨ་པ་སྨ་ར། ཌཱ་ཀི་ནཱི་ཨ་ཌ་ཡ་ཨི་མཾ་བྷ་ལིཾ་གྲི་ཧ་ན
318a5 དུ་མ་མ་སརྦ་ས་ཏེ་དྷྲྀ། ད་དན་ཏ་ཡ་ཤེ་བཾ་ཡ་ཐཻ་ཤྲཱི་བུན་ཛ་ཐི་པི་པ་ཐ་ཛཾ་གྷ་ཐ་མ་ཏི་ཀྲ་མ་ཏ། མ་མ་སརྦ་ཀ་ར་སད་སུ་ཁ་བི་ཤུདྡྷ་ཡེ་སྭ་ཧ་ཡ་ཀ་བ་བྷན་དུ་ཧཱུཾ་ཧཱུཾ་ཕཊ་སཱ་ཧཱ། དེ་ལྟར་ཆོ་ག་དང་ཆོ་གས་ཐུན
318a6 མཚམས་བཞིར་སྦྱིན་པར་བྱའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གསང་བའི་ཡང་གསང་ཆེན་པོ་འདི་གསུངས་པ། དངོས་པོ་མེད་པའི་ཆོས་བདག་ཉིད།། །
318a7 ནམ་མཁའ་ལྟ་བུར་དྲི་མ་མེད།། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས།། སྟོང་ཉིད་ཤིན་ཏུ་རྣམ་པར་བསྒོམ།། ལེགས་སོ་ཞེས་ནི་བྱ་བ་བྱིན།། རྒྱུད་རྫོགས་པ་ཡི་སྦྱོར་བ་ལས།། ལེགས་སོ་ལེགས་སོ་ཡེ




iiif viewer powered by OpenSeadragon

317b - 318b

Texts on this page

Ty057-006 - phag mo mngon par brjod pa bshad pa'i rgyud phyi ma las phag mo mngon par byang chub pa zhes bya ba