e-texts navigator
Collection
Volume
Page
Wylie

317a1 ལོའི་གོ་ཆ་མའོ།། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ།། ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ།། ཡང་དག་པའི་རྟོག་པ་ནི་འཁོར་ལོས།
317a2 སྦྱར་མའོ།། ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ།། ཡང་དག་པའི་ལས་ཀྱི་མཐའ་ནི་ཁཱ་གདོང་མའོ།། ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ།། ཡང་དག་པའི་རྩོལ་བ་ནི་ཁྱི་གདོང།
317a3 མའོ།། ཡང་དག་པའི་དྲན་པ་ནི་ཕག་གདོང་མ་སྟེ། རྣམ་པར་ཐར་པའི་སྒོ་བཞིའོ།། ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའོ།། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པར
317a4 བྱེད་པ་ནི་གཤིན་རྗེ་བརྟན་མའོ།། དགེ་བའི་ཆོས་སྐྱེས་པ་རྣམས་རྗེས་སུ་གནས་པ་དང་སྲུང་བར་བྱེད་པ་ནི་གཤིན་རྗེ་ཕོ་ཉ་མའོ།། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བར་བྱེད་པ་ནི་གཤིན་རྗེ་མཆེ་བ།
317a5 མའོ།། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པར་བྱེད་པ་ནི་གཤིན་རྗེ་འཇོམས་མའོ།། ཆོས་བདག་མེད་པའི་ལམ་གནས་སུ།། འཁོར་བ་དམ་པར་བཞུགས་པ་ནི།། ཤེས་རབ་ཕ་རོལ་ཕྱིན་སྦྱོར
317a6 བ། དེ་བཞིན་རྣལ་འབྱོར་པས་གནས་བྱ།། སྣང་བ་མེད་པའི་གནས་ལ་ནས།། སྣང་བ་མེད་པ་ཡང་དག་རྟེན།། དཔྱོད་པ་མེད་པའི་ཆོས་རྣམས་ལ།། ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། རྟེན་འབྲེལ
317a7 མཁའ་དང་མཉམ་པའི་ཆོས།། དངོས་མེད་མཚན་མ་མེད་པའོ།། འདི་ཉིད་གོང་ཉིད་གོ་འཕང་གནས།། ཡེ་ཤེས་དག་གི་མིག་གིས་མཐོང་།། ཕྲ་རབ་རྡུལ་ཕྲན་དང་མཉམ་པ།། འཁོར་ལོའི་གནས




iiif viewer powered by OpenSeadragon

316b - 317b

Texts on this page

Ty057-006 - phag mo mngon par brjod pa bshad pa'i rgyud phyi ma las phag mo mngon par byang chub pa zhes bya ba