e-texts navigator
Collection
Volume
Page
Wylie

316b1 རྣམས་མཉམ་ཞིང་དམ་ཚིག་མཆོག། སུམ་ཅུ་རྩ་བདུན་གནས་ཀྱི་མཆོག། དེ་འོག་རྣམ་པར་དག་པ་བསྒོམ།། ལུས་རྗེས་སུ་དྲན་པ་མཁའ་འགྲོ་མའོ།། ཚོར་བ་རྗེས་སུ་དྲན་པ་ལཱ་མའོ།།
316b2 ཆོས་རྗེས་སུ་དྲན་པ་ཁཎྜ་རོ་ཧིའོ།། སེམས་རྗེས་སུ་དྲན་པ་རཱུ་པི་ནཱིའོ།། འདུན་པ་རྫུ་འཕྲུལ་བསྐྱེད་པ་ནི་རབ་ཏུ་གཏུམ་མའོ།། བརྩོན་འགྲུས་རྫུ་འཕྲུལ་བསྐྱེད་པ་ནི་གཏུམ་པའི་མིག་ཅན་མའོ།།
316b3 དཔྱོད་པའི་རྫུ་འཕྲུལ་བསྐྱེད་པ་ནི་འོད་ལྡན་མའོ།། སེམས་ཀྱི་རྫུ་འཕྲུལ་བསྐྱེད་པ་ནི་སྣ་ཆེན་མའོ།། དད་པའི་དབང་པོ་ནི་བརྟན་པའི་བློ་ཅན་མའོ།། བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ།། དྲན
316b4 པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ།། ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ།། ཤེས་རབ་ཀྱི་དབང་པོ་ནི་ས་སྲུངས་མའོ།། དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ།། བརྩོན་འགྲུས
316b5 ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ།། དྲན་པའི་སྟོབས་ནི་ཆང་འཐུང་མའོ།། ཏིང་ངེ་འཛིན་གྱི་སྟོབས་ནི་ལྗང་ལྷ་མོའོ།། ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟུང་མོའོ།། ཏིང་ངེ་འཛིན་ཡང་དག་བྱང
316b6 ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ།། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ།། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ།། ཤིན་ཏུ
316b7 སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་སྐྱེས་མའོ།། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ།། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར




iiif viewer powered by OpenSeadragon

316a - 317a

Texts on this page

Ty057-006 - phag mo mngon par brjod pa bshad pa'i rgyud phyi ma las phag mo mngon par byang chub pa zhes bya ba