| | e-texts navigator
|
387a1 སེམས་སྷོ།། ད་པ་འགོས་ཀྱང་མིན་མོ་འགྱུར་བ་མས།། རློན་མེ་འགས་དུ་ཀླུན་ས་རྒྱུ་དུ་རློ། རྐྐ་ར་ཕྱུ
387a2 ཤིན་ཏུ་དྲི་མེད་ཞི་བ་བློས་མི་འཕོགས།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།
387a3 བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཤིན་ཏུ་སྡུག་བསྔལ་སྟོན་ཅིང་བདེ་སྦྱིན་པའི།། འདྲེན་རྣམས་མཐོང་སྟེ་གང་དག་བག་ཡོད་ཅིང་།། བདེན་པ་རིན་ཆེན་རྣམས་ལ་དོགས
387a4 བྲལ་བ།། དེ་དག་སྐྱེ་བ་བརྒྱད་པ་ཕྱིས་མི་ལེན།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན
387a5 མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། དམ་པ་རྣམས་ཀྱི་དམ་པ་དོན་དམ་མཁྱེན།། མཆོག་དང་མཆོག་མིན་མཁྱེན་ཅིང་དོན་དམ་བརྩེགས།། གཞན་གྱིས།
387a6 མི་འཕྲོགས་དམ་པ་ཐུགས་ཆུད་རྟོགས།། ཤིན་ཏུ་སྡུག་བསྔལ་རྣམས་ཀྱིས་དཔུང་གཉེན་མཆོག། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། རྫོགས་པའི་སངས་རྒྱས་འཇིག་རྟེན
387a7 རིན་ཆེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། འདུན་པ་སྐྱེས་ནས་རྣལ་འབྱོར་ལྡན་གྱུར་ཅིང་།། གཽ་ཏ་མ་བསྟན་ལ་རྟག་བརྩོན
iiif viewer powered by OpenSeadragon
386b - 387b