e-texts navigator
Collection
Volume
Page
Wylie

385b1 བ་འཐོབ་བྱེད་འཕགས་པའི་ལམ།། ཡན་ལག་བརྒྱད་པ་སུས་བསྒོམས་པ།། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། འདུ་བྱེད་ཐམས་ཅད་སྟོང་ཉིད་དུ།། གང་གིས་རྟག་ཏུ་རབ་མཐོང་ཞིང་།། དེར།
385b2 ཡང་སེམས་ཅན་གནས་གྱུར་པ།། དེ་ལ་ཀུན་ཏུ་བདེ་ལགས་འགྱུར།། གང་དག་དྲི་མ་མེད་ཆོས་རྣམས།། ལུས་ཀྱིས་མངོན་སུམ་བྱས་ནས་སྤྱོད།། དགྲ་བཅོམ་རྣམ་པར་གྲོལ་སེམས་རྣམས།།
385b3 དེ་དག་རྟག་ཏུ་བདེ་ལེགས་འགྱུར།། གང་ཞིག་འདོད་ཆགས་ཞེ་སྡང་དང་།། མ་རིག་པ་ཡང་རྣམ་སྤངས་དང་།། ཤེས་པ་མི་འཇིགས་སྐྱེས་གྱུར་པ།། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། ལྷ་དང
385b4 བཅས་པའི་འཇིག་རྟེན་མགོན།། ཡང་སྲིད་ཟད་པའི་སངས་རྒྱས་ཀྱིས།། གང་ལ་ཁོང་དུ་ཆུད་མཛད་པ།། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ
385b5 རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
385b6 རྒྱ་གར་སྐར་དུ། སྭསྟི་གཱ་ཐ། བོད་སྐད་དུ། བདེ་ལེགས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ལྷ་ཞིག་ཉེ་བར་འོངས་ནས་སུ།
385b7 ལྷས་མཆོད་པ་ལ་ཞུས་བྱས་ཏེ།། སངས་རྒྱས་ཆེན་པོ་ཐུབ་པ་ཆེན།། ཅི་ཞིག་སྨྲས་ན་བདེ་ལེགས་འགྱུར།། ལྷ་ཡི་ཚིག་དེ་གསན་གྱུར་ནས།། འཇིག་རྟེན་རྩ་ལག་བཀའ་སྩལ་པ།། གང་གིས་རྟག




iiif viewer powered by OpenSeadragon

385a - 386a

Texts on this page

Ty055-016 - bde legs su 'gyur ba'i tshigs su bcad pa
Ty055-017 - bde legs kyi tshigs su bcad pa