| | e-texts navigator
|
376b1 སྐྱོ་བར་མི་འགྱུར་ཤོག། བྱང་ཆུབ་མཆོག་ནི་བདག་གིས་ཐོབ་བར་དུ།། བསྐལ་པ་དུ་མར་བདག་ནི་སྤྲོ་བར་ཤོག། མཆོག་གི་སྤྱོད་པའི་སྨོན་ལས་རྫོགས་སོ།། ། རྒྱ་གར་གྱི
376b2 མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ། @འཕགས་པ་བསམ།
376b3 པ་ཐམས་ཅད་ཡོངས་ས་སུ་རྫོགས་པ་ཞེས་བྱ་བའི་ཡོངས་སུ་བསྔོ་བ། སངས་རྒྱས་ཐམས་ཅད་ཀྱི་ཞབས་དང་ཆོས་དང་། དགེ་སློང་གི་དགེ་འདུན་ལ་མགོ་བོས་ཕྱག་འཚལ་ལོ།། ཕྱོགས་བཅུ
376b4 བརྗོད་ཀྱིས་མི་ལང་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། གང་བདག
376b5 གི་སྐྱེ་བ་འདི་འམ། སྐྱེ་བ་གཞན་དུ་ཁྱིམ་པ་འམ། རབ་ཏུ་བྱུང་བས་ཇི་ཙམ་དུ་འཁོར་བའི་སྔོན་གྱི་མཐའ་མ་འཚལ་ནས། སྡིག་པ་མི་དགེ་བའི་ལས་བགྱིས་ཤིང་བསགས་པ་ལུས་དང་ངག་དང
376b6 ཡིད་ཀྱིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་ཤེས་པ་འམ། མི་ཤེས་པ་འམ། བསམས་པ་འམ་མ་བསམས་པ་འམ། དྲན་པ་འམ
376b7 མི་དྲན་པ་འདོད་ཆགས་ཀྱི་དབང་ངམ། ཞེ་སྡང་གི་དབང་ངམ། གཏི་མུག་གི་དབང་ངམ། དགེ་བའི་བཤེས་གཉེན་མ་ལགས་པ་དང་འབྲེལ་བའི་དབང་ངམ། མི་ཤེས་པའི་དབང
iiif viewer powered by OpenSeadragon
376a - 377a