| | e-texts navigator
|
314b1 གུ་དང་།། དེ་བཞིན་དྲང་པོ་ཕྱོགས་གཅིག་དང་།། འབྱུང་བཅས་འདི་ནི་ཚོགས་མཐའ་རྫོགས། ཅིའི་ཕྱིར་འཛམ་བུའི་གླིང་པའི་ཤིང་ཐམས་ཅད་ཀྱི་ནང་ནས་ཤིང་འཛམ་བུ་དེ་དག་གི
314b2 མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆག་པའི་ཚེ། ཁམས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་པོའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་དེ་ཕྱོགས་དེར་རླུང་གིས་བསྡུས་ནས
314b3 དེ་ལས་དེ་གྲུབ་པར་གྱུར་ཏེ། རྒྱུ་དེས་ན་འཛམ་བུའི་གླིང་གི་ཤིང་ཐམས་ཅད་ཀྱི་ནང་ན་ཤིང་འཛམ་བུ་དེ་དག་གི་མཆོག་ཅེས་བྱའོ།། ཅིའི་ཕྱིར་རྒྱ་མཚོའི་འགྲམ་གྱི་ཤིང་ཐམས་ཅད་ཀྱི་ནང་ནས། ཤིང་ཤལ།
314b4 མ་ལི་མཐོན་པོ་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆགས་པའི་ཚེ། ཁམས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་བའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་དེ་ཕྱོགས
314b5 དེར་རླུང་གིས་བསྡུས་ནས་དེ་ལས་དེ་གྲུབ་པར་གྱུར་ཏེ། རྒྱུ་དེས་ན་རྒྱ་མཚོའི་འགྲམ་གྱི་ཤིང་ཐམས་ཅད་ཀྱི་ནང་ན་ཤིང་ཤལ་མ་ལི་མཐོན་པོ་དེ་དག་གི་མཆོག་ཅེས་བྱའོ།། ཅིའི་ཕྱིར་ལྷ་མ་ཡིན་གྱི་རིས་ཀྱི་ཤིང
314b6 ཐམས་ཅད་ཀྱི་ནང་ན་ཤིང་པ་ཏའི་སྣ་ཚོགས་ཅན་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆགས་པའི་ཚེ། ཁམས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་བའི་མཆོག་དང་གཟོང་གི
314b7 མཆོག་གང་ཡིན་པ་དེ་ཕྱོགས་དེར་རླུང་དག་གིས་བསྡུས་ནས་དེ་ལས་དེ་གྲུབ་པར་གྱུར་ཏེ། ཆུ་དེས་ན་ལཱ་མ་ཡིན་གྱི་རིས་ཀྱི་ཤིང་ཐམས་ཅད་ཀྱི་མངན་ཤིང་པ་ཏ་ལི་སྣ་ཚོགས་ཅན་དེ་དག་གི་མཆོག་ཅེས་བྱའོ།།
iiif viewer powered by OpenSeadragon
314a - 315a