| | e-texts navigator
|
305b1 ལྡན་པའི་ལས་བྱེད་པས་ན། དེའི་ཕྱིར་རྗེའུ་རིགས་ཞེས་བྱའོ།། ཅིའི་ཕྱིར་དམངས་རིགས་ཞེས་བྱ་ཞེ་ན། སྨྲས་པ། ངན་ལས་བྱེད་པ་དང་། གནོད་པའི་ལས་བྱེད་པ་ར་ན། དེའི་བྱོར་དམངས་རིགས་ཞེས་བྱའོ།།
305b2 ཅིའི་ཕྱིར་གདོལ་པ་ཞེས་བྱ་ཞེ་ན། སྨྲས་པ། བསྐལ་པ་དང་པོ་པའི་མི་རྣམས་སུའང་ཕ་རོལ་གྱི་མོ་ལེན་པ་ལས། ཕྱིས་མི་ཞིག་གིས་ཕ་རོལ་གྱི་མ་བྱིན་པར་བླངས་ནས། དེ་རྒྱལ་པོའི་སྲུངས་མའི་མིས་བཟུང་སྟེ། རྒྱ
305b3 རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ལ་ཕུལ་ནས། ལྷ་མཁྱེན་པར་མཛད་དུ་གསོལ། མི་འདིས་ནི་ཕ་རོལ་གྱི་མ་བྱིན་པར་བླངས་ལགས་སོ།། རྒྱལ་པོས་དེ་དག་ལ་སྨྲས་པ། བྱེད་དེང་ལ་མི་འདྲི་གསོད་ཅིག
305b4 ཅེས་བྱས་ན། མི་དེ་དག་ལས་སུའང་མི་དེ་གསད་པར་སློབ་མ་བྱུང་ནས། དེ་དག་ལ་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་འདི་སྐད་ཅེས་སྨྲས་ཏེ། སུ་མི་འདི་གསོད་པ་དེ་ལངས་ནེར་གྱི་ཕུང་པོ་ཆེན་པོ་སྦྱིན
305b5 དེ་ནས་མི་གཞན་ནོར་དོན་དུ་གཉེར་ཞིང་ནོར་འདོད་ལ་ནོར་ལ་བནམ་ནིང་ནོར་གྱི་དེས་སྡིག་ཅན་ཞིག་གིས་མི་དེ་བསད་དོ།། མི་རི་བསད་ནས་དེ་དག་འདི་སྙམ་དུ་སེམས་ཏེ། མི་འདི་ནི་གཏུམ་པ་ཞིག་སྟེ། འདི་ལྟར་ནོར
305b6 དོན་དུ་གཉེར་བ་དང་། ནོར་འདོད་པ་དང་། ནོར་ལ་བརྐམ་པ་དང་། ནོར་གྱི་ཉེས་སྡིག་གིས་མི་སུན་མ་ཕྱུང་ཞིང་ཉེས་པ་མེད་པ་བསད་ཀྱིས། མི་འདི་ནི་དགོས་པ་མེད་དོ།། མི་འདི་ནི་གཏུམ་པའོ་ཞེས་ཟེར་ནས། མིང་།
305b7 གདོམ་པ་གདོལ་པ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་གདོལ་པ་རྣམས་ཞེས་བྱའོ།། ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅོ་ལྔ་པའོ།། ། སྡོམ་ནི་ག་དུང
iiif viewer powered by OpenSeadragon
305a - 306a