| | e-texts navigator
|
305a1 གི་བའི་ཐབས་སོ་ཞེས་བྱ་བས་ན། དེའི་ཕྱིར་ཁུ་བོ་ཞེས་བྱའོ།། ཅིའི་ཕྱིར་པུ་ནུ་ཞེས་སྨྲས་པ། རིགས་ལས་སྐལ་བ་གཅོད་པས་ན། དེའི་ཕྱིར་ཕུ་ནུ་ཞེས་བྱའོ།། ཅིའི་ཕྱིར་སྲིང་མོ་ཞེས་བྱ།
305a2 ཞེ་ན། སྨྲས་པ། རིགས་ལས་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། རིམ་གྲོར་བྱ་བའི་སྐལ་བ་དབང་བས་ན། དེའི་ཕྱིར་སྲིང་མོ་ཞེས་བྱའོ།། ཅིའི་ཕྱིར་མ་ལསའོ།།
305a3 མ་འབྱུང་ལ། ཕ་ལས་མི་འབྱུང་ཞེ་ན། སྨྲས་པ། མའི་མངལ་ནས་སྐྱེ་བ་དང་འབྲེལ་བར་གྱུར་གྱི། ཕ་དང་འབྲེལ་པ་མེད་པའི་ཕྱིར་རོ།། གཞན་ཡང་ཆེས་ལྷག་པར་མ་བུ་ལ་བྱམས་ཀྱི། པ་ནི་དེ་ལྟར་མ་ཡིན་ཏེ།།
305a4 རྒྱུ་དེས་ན་མ་ལས་འོ་མ་འབྱུང་གི་པ་ལས་མི་འབྱུང་ངོ་།། ཅིའི་ཕྱིར་བུད་མེད་ལ་འགྲམ་སྤུ་དཔ་བ་སྤུ་མེད་ཅེ་ན། སྨྲས་པ། མ་ནིང་བཞིན་དུ་དེའི་དབང་པོ་རྣམས་ཞན་པས་ན། དེའི་ཕྱིར་བུད་མེད་ལ་འགྲམ་སྤུ་དང་ཁ
305a5 སྤུ་མེད་དོ།། ཅིའི་ཕྱིར་མ་ནིང་ལ་འགྲམ་སྤུ་དང་ཁ་སྤུ་མེད་ཅེ་ན། སྨྲས་པ། བུད་མེད་བཞིན་དུ་དེའི་དབང་པོ་རྣམས་ཞན་པས་ན། དེའི་ཕྱིར་འགྲམ་སྤུ་དང་ཁ་སྤུ་མེད་དོ།། ཅིའི་ཕྱིར་རྒྱལ་པོ་ཞེས་བྱ་ཞེ་ན། སྨྲས་པ
305a6 ཆོས་དང་། ངང་ཚུལ་དང་གསྤྱོད་ཚུལ་ཀུན་ཏུ་སྤྱོད་པས་འཁོར་རངས་པར་བྱེད་པས་ན་ས་དེའི་ཕྱིར་རྒྱལ་པོ་ཞེས་བྱའོ།། ཅིའི་ཕྱིར་རྒྱལ་རིགས་ཞེས་བྱ་ཞེ་ན། སྨྲས་པ། ཞིང་རྣམས་ཀྱི་བདག་པོར་གྱུར་པས་ན
305a7 དེའི་ཕྱིར་རྒྱལ་རིགས་ཞེས་བྱའོ།། ཅིའི་ཕྱིར་བྲམ་ཟེ་ཞེས་བྱ་ཞེ་ན། སྨྲས་པ། ཕྱི་རོལ་དུ་སེམས་པས་ན་བྲམ་ཟེ་ཞེས་བྱའོ།། ཅིའི་ཕྱིར་རྗེའུ་རིགས་ཞེས་བྱ་ཞེ་ན། སྨྲས་པ། ཉོན་མོངས་པ་རྣམ་པ་སྣ་ཚོགས་དང་།
iiif viewer powered by OpenSeadragon
304b - 305b