| | e-texts navigator
|
304b1 ཤིང་གཞལ་ཏེ། ཉེ་བར་རྟོགས་པར་བྱེད་པས་ན། མིང་མི་ཞེས་བྱ་བར་གྱུར་ཏེ་། རྒྱུ་དེས་ན་མི་རྣམས་ཞེས་བྱའོ།། ཙི་ར་བཱི་ར་གྷ་རྣམས་ཞེས་བྱ་ཞེ་ན། སྨྲས་པ་ཀ་འབར་བའི་ཕྱིར་མ་ལྷ་རྣམས་ཞེས་བྱའོ།།
304b2 གཞན་ཡང་འགྲོ་བ་རྣམས་དང་། སྐྱེ་བ་རྣམས་དང་། ལུས་ཐོབ་པ་རྣམས་ཀྱི་མཆོག་ཡིན་པས་ན་ལྷ་རྣམས་ཞེས་བྱའོ།། ཅིའི་ཕྱིར་མཐོ་རིས་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དག་བདེ་བ་དང་ལྡན་ཞིང་སྐྱིད
304b3 ལ། གནོད་པ་མེད་ཅིང་གནོད་པ་མེད་པའི་ཆོས་དང་ལྡན་ཏེ། བདེ་བ་དང་ཡིད་བདེ་བ་མཆོག་དང་། གནོད་པ་མེད་པའི་བདེ་བ་དང་། བདེ་བའི་ཚོར་བ་དང་ལྡན་པས་ན་མཐོ་རིས་ཞེས་བྱའོ།། ཅིའི་ཕྱིར་ལྷའི་བུ་མོ་ཞེས
304b4 བྱ་ཞེ་ན། སྨྲས་པ། གསལ་ཞིང་རྙོག་པ་མེད་པའི་ཕྱིར་ལྷའི་བུ་མོ་ཞེས་བྱ་བ་དང་། བག་མེད་ཅིང་དགའ་བའི་ཤས་ཆེས་པའི་ཕྱིར་ལྷའི་བུ་མོ་ཞེས་བྱ་སྟེ། རྒྱུ་དེས་ན་ལྷའི་བུ་མོ་རྣམས་ཞེས་བྱའོ།།
304b5 རྒྱུ་གདགས་པ་བམ་པོ་བདུན་པ་སྟེ་ཐ་མའོ།། ཅིའི་ཕྱིར་མ་ཞེས་བྱ་ཞེ་ན། སྨྲས་པ། ནུ་ཞོ་སྦུན་པར་བྱེད་པ་དང་། གསོ་བར་བྱེད་པའི་ཕྱིར་མ་ཞེས་བྱ་བ་དང་། མཁས་ཤིང་བློ་དང
304b6 ལྡན་པའི་ཕྱིར་མ་ཞེས་བྱ་སྟེ། རྒྱུ་དེས་ན་མ་ཞེས་བྱའོ།། ཅིའི་ཕྱིར་ཕ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེ་བ་འགྲུབ་པ་ལ་བུ་བརྒྱུད་ཀྱི་ལས་དང་འབྲེལ་པའི་རྒྱུ་དང་པོ་དེ་ཡིན་པ་དང་། རྐྱེན་ཡིན་པས་ན་དེའི་ཕྱིར་ཕ་ཞེས་བྱའོ།།
304b7 ཅིའི་ཕྱིར་ཞང་པོ་ཞེས་བྱ་ཞེ་ན། སྨྲས་པ། མ་དང་རིགས་གཅིག་ཏུ་འབྲེལ་བས་ན། དེའི་ཕྱིར་ཞང་པོ་ཞེས་བྱའོ།། ཅིའི་ཕྱིར་ཁུ་བོ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་པའི་ཕ་ལ་ནི་ཕ་ཞེས་བྱ་སྟེ། འདི་དག་ནི་བདག
iiif viewer powered by OpenSeadragon
304a - 305a