| | e-texts navigator
|
304a1 ཞིག་སྐྱེས་ཏེ། མིང་ཨ་མྲས་སྐྱོང་མ་ཞེས་བྱ་བར་གྱུར་ནས་བུ་མོ་དེའང་ཆོས་ཀྱིས་ཚོགས་ཀྱི་སྤྱད་པར་བྱ་བ་ལྟ་བུའོ།། དེ་ལ་སོགས་པ་གཞན་དག་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ན
304a2 མི་རྣམས་ལ་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་ཡོད་དོ།། མི་རྣམས་ལ་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་བསྐལ་པ་དང་པོ་པ་ཐམས་ཅད་རྫུས་ཏེ་སྐྱེས་པ་ལྟ་བུ་དང་ཀ་དཔེར་ན་དགེ་སློང
304a3 མ་དགོན་པ་མ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་བཞིན་དུ་དགོན་པ་ནས་བྱུང་བ་ལྟ་བུའོ།། དེ་ལ་སོགས་པ་གཞན་དག་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ན་མི་རྣམས་ལ་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཡོད་དོ།། ཅིའི་ཕྱིར
304a4 སེམས་ཅན་དམྱལ་བ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། ཡིད་དུ་འོང་བ་མེད་ཅིང་བདེ་བ་དང་། ཡིད་བདེ་བ་དང་བྲལ་བའི་ཕྱིར་ཏེ། རྒྱུ་དེས་ན་སེམས་ཅན་དམྱལ་བ་རྣམས་ཞེས་བྱའོ།། ཅིའི་ཕྱིར་དུད་འགྲོ་རྣམས་ཞེས་བྱ་ཞེ་ན།
304a5 སྨྲས་པ། དུད་དེ་འགྲོ་ཞིང་དུད་དེ་འོང་བས་ན། དེའི་ཕྱིར་དུད་འགྲོ་རྣམས་ཞེས་བྱའོ།། ཅིའི་ཕྱིར་ཡི་དགས་རྣམས་ཞེས་བྱ་ཞེ་ན། སྨྲས་པ་། ད་ལྟར་ཡི་དགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེ་ཇི་ལྟ་བ་བཞིན་དུ་ཀ་དེའི་ཚེ
304a6 དེའི་དུས་ན་ཡི་དྭགས་རྣམས་ཀྱི་རྒྱལ་པོ་པ་ཞེས་བྱ་བར་གྱུར་ཏེ། པའི་ཡུལ་དུ་འགྲོའོ།། ཕའི་ཡུལ་ནས་འོང་ངོ་ཞེས་ཟེར་ནས། མིང་ཡི་དགས་ཡི་དགས་ཞེས་བྱ་བར་འགྱུར་ཏེ། རྒྱུ་དེས་ན་ཡི་དགས་རྣམས་ཞེས
304a7 བྱའོ།། ཅིའི་ཕྱིར་མི་རྣམས་ཞེས་བྱ་ཞེ་ན། སྨྲས་པ། རྒྱལ་པོ་ང་ལས་ནུ་དེས་བསྟན་པའི་མི་རྣམས་ནི་ལས་ཆེན་པོའི་མཆོག་བློས་སྐྱེས་པ་དང་། བསམས་ཏེ་འཇམ་ཞིང་ཉེ་བར་བརྟགས་ནས། བྱེད་པ་དང་བརྟགས
iiif viewer powered by OpenSeadragon
303b - 304b