e-texts navigator
Collection
Volume
Page
Wylie

301b1 མིའི་འགྲོ་བ་ཞེས་བྱའོ།། གཞན་ཡང་ལུས་ཀྱི་ལེགས་པར་སྤྱོད་པ་དང་། ངག་གི་ལེགས་པར་སྤྱོད་པ་དང་། ཡིད་ཀྱི་ལེགས་པར་སྤྱོད་པ་ཆུང་ངུ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས། མིར་འགྲོ་ན་ན།
301b2 མི་རྣམས་ཀྱི་ནང་དུ་སྐྱེ་སྟེ། མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་དེ་ནི་མིའི་འགྲོ་བ་ཞེས་བྱའོ།། གཞན་ཡང་མིང་དང་། རྣམ་པའི་ཚིག་དང་། ཚིག་བླ་དགས་དང་། མིང་དུ་བཏགས་པ་དང་། ཀུན་ཏུ་རིག་པ་དང་།
301b3 གདགས་པ་དང་། ཐ་སྙད་ཀྱི་མིའི་འགྲོ་བའང་མིའི་འགྲོ་བ་ཞེས་བྱའོ།། འགྲོ་བ་གང་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། སེམས་ཅན་དམྱལ་བ་རྣམས་ནི་རྫུས་ཏེ་སྐྱེ་བའི་སྐྱེ་གནས་གཅིག་པུ་ཡོད་དོ།། དུད་འགྲོ
301b4 རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། བཞི་པོ་ཐམས་ཅད་ཡོད་དོ།། ཡི་དགས་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། རྫུས་ཏེ་སྐྱེ་བ་གཅིག་པུ་ཡོད་དོ།། ལ་ལ་ནི་ཡི་དགས་རྣམས་ལ་མངལ་ནས་སྐྱེ་བ་འང།
301b5 ཡོད་དོ་ཞེས་ཟེར་བའང་ཡོད་དོ།། ཇི་ལྟ་ཞེ་ན། སྨྲས་པ། དཔེར་ན་ཡི་དགས་མོ་ཞིག་གིས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུའི་མདུན་དུ་ཚིགས་སུ་བཅད་པ་སྨྲས་པ། འདིར་ནི་ཉིན་མོ་བུ་ལྔ་བཙས། མཚན་མོ་གཞན
301b6 ལྔ་བཙས་གྱུར་ནས། ཟོས་སུ་ཟིན་ཀྱང་དེ་དག་གིས།། བདག་ནི་འགྲངས་པར་མ་གྱུར་ཏོ།། ཞེས་སྨྲས་པ་ལྟ་བུའོ།། ལྷ་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། རྫུས་ཏེ་སྐྱེ་བ་གཅིག་པུ་ཡོད་དོ།། མི་རྣམས་ལ་སྐྱེ
301b7 གནས་དུ་ཡོད་ཅེ་ན། སྨྲས་པ། བཞི་པོ་ཐམས་ཅད་ཡོད་དོ།། མི་རྣམས་ལ་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་འཛམ་བུ་གླིང་པའི་ཚོང་པ་མང་པོ་རྒྱ་མཚོ་འགྲམ་ནས་བསྐོར་བ




iiif viewer powered by OpenSeadragon

301a - 302a

Texts on this page

Ty055-004 - rgyu gdags pa