e-texts navigator
Collection
Volume
Page
Wylie

295a1 #། འཕག་པར་བྱེད་ལ། གྱེན་དུ་འགྲོ་བར་བྱེད་ཅིང་། ཀུན་ཏུ་གྱེན་དུ་འགྲོ་བར་བྱེད་དེ། དཔེར་ན་ཟ་མ་ཏོག་ཁྱེར་བའི་མིས་ཟ་མ་ཏོག་བླངས་ཏེ། བླངས་ནས་ཀྱང་འཕག་པར་བྱེད་ཅིང་། ཀུན་ཏུ
295a2 འཕག་པར་བྱེད་ལ། འགྲོ་བར་བྱེད་ཅིང་།། ཀུན་ཏུ་འགྲོ་བར་བྱེད་པ་དང་། དགེ་སློང་བསོད་སྙོམས་པས་ཁ་ཟས་ལྷུང་བཟེད་ཀྱི་སྣོད་དུ་བཅུག་ནས། འཕག་པར་བྱེད་ཅིང་། ཀུན་ཏུ་འཕག་པར་བྱེད་ལ། འགྲོ་བར་བྱེད།
295a3 ཅིང་། ཀུན་ཏུ་འགྲོ་བར་བྱེད་པ་དེ་བཞིན་དུ། དགེ་སློང་གིས་ལུས་ལ་ཡང་བའི་འདུ་ཤེས་དང་། འཇམ་པའི་འདུ་ཤེས་བསྐྱེད་ནས་འཕག་པར་བྱེད་ཅིང་། ཀུན་ཏུ་འཕག་པར་བྱེད་ལ། གྱེན་དུ་འགྲོ་བར་བྱེད་ཅིང
295a4 ཀུན་ཏུ་གྱེན་དུ་འགྲོ་བར་བྱེད་དེ། ལུས་ལ་ཚངས་པའི་འཇིག་རྟེན་བ་སམས་ན། སེམས་བསྐྱེད་པའིའོ་མོད་ལ་དབང་ཡོད་པ་དང་། འགྲོ་བ་དང་། རག་ལས་པ་དང་། བདག་པོ་དང་ཨཐུ་ཡོད་པ་དང་། རྒལ་བ་ཅན་དང་།
295a5 དབང་བྱེད་པ་དང་། ཚངས་པའི་འཇིག་རྟེན་ན་གནས་པ་ཞེས་བརྗོད་དོ།། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། ཀུན་དགའ་བོ་ཡོད་ཀྱི་རྫུ་འཕྲུལ་འདིས་ཚངས་པའི
295a6 གཞལ་མེད་ཁང་དུ་ཕྱིན་པར་ངས་མངོན་པར་ཤེས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། གཟུགས་ཅན་རགས་པ་འབྱུང་བ
295a7 ཆེན་པོ་བཞི་ལས་བྱུང་བའི་སྐུ་འདིས་ཚངས་པའི་གཞལ་མེད་ཁང་དུ་གཤེགས་པར་བཅོམ་ལྡན་འདས་ཀྱིས་མངོན་པར་མཁྱེན་ཏམ། ཀུན་དགའ་བོ་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང




iiif viewer powered by OpenSeadragon

294b - 295b

Texts on this page

Ty055-004 - rgyu gdags pa