| | e-texts navigator
|
294b1 ཉི་མ་དང་ཟླ་བ་གཉིས་ལག་པས་འཛིན་ཅིང་ཀུན་ཏུ་ཆུག་པར་བྱེད་དོ་ཞེས་གསུངས་པ་དེ། ཇི་ལྟར་ན་ཉི་མ་དང་ཟླ་བ་གཉིས་ལག་པས་འཛིན་ཅིང་ཀུན་དུ་ཆུག་པར་བྱེད་ཅེ་ན། སྨྲས་པ། ཉི་མ་ཞེས་བྱ་བ་ནི་ཅི་མའི་དཀྱིལ།
294b2 འཁོར་ཡིན་ནོ།། ཟླ་བ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ཡིན་ཏེ། དགེ་སློང་དེས་ཉི་མའི་དཀྱིལ་འཁོར་འདི་དང་། ཟླ་བའི་དཀྱིལ་འཁོར་ལ་ཉེ་ཞིང་ཐུག་པར་མོས་ནས་ལག་པས་འཛིན་ཅིང་ཀུན་ཏུ་ཆུག་པར་བྱེད་ལ། ནོམ
294b3 ཞིང་ཀུན་ཏུ་ནོམ་སྟེ། དེ་ལྟར་ན་ཉི་མ་དང་ཟླ་བ་འདི་གཉིས་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་གོ། དེ་ཚངས་པའི་འཇིག་རྟེན་དུ་ལུས་ཀྱིས་དབང་བྱེད་དོ་ཞེས་གསུངས་པ་སྟེ། ཇི་ལྟར་ན་ཚངས་པའི་འཇིག་རྟེན་དུ་ལུས་ཀྱིས་དབང
294b4 བྱེད་ཅེ་ར། སྨྲས་པ། དགེ་སློང་འཇིག་རྟེན་པའི་ཏིང་ངེ་འཛིན་གང་ལ་ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང་། ཚེགས་མེད་པར་ཐོབ་པ་དེས་དེ་སྐྱེད་ཅིང་སྐྲུན་ཏེ། ཡང་དག་པར་སྐྱེད་ཅིང་ཡང་དག་པར
294b5 སྒྲུབ་པར་བྱེད་ལ། གསལ་བར་བྱེད་དོ།། དེས་དེ་བསྐྱེད་ཅིང་བསྐྲུན་ཏེ། ཡང་དག་པར་བསྐྱེད་ཅིང་ཡང་དག་པར་བསྒྲུབ་ལ་གསལ་བར་བྱས་ནས། ལུས་ཀྱང་སེམས་ལ་འཛེག་ལ། སེམས་ཀྱང་ལུས་ལ་འཇོག་པར་བྱེ།
294b6 དེ་ལུས་སེམས་ལ་བཞག་ལ། སེམས་ཀྱང་ལུས་ལ་གཞག་ནས་ཀྱང་གཅིག་ཏུ་འགྱུར་ཞིང་ཀུན་ཏུ་འདྲེས་ཏེ། དཔེར་ན་མར་རམ། འབྲུ་མར་རམ། སྦྲང་རྩི་འམ། བུ་རམ་གྱི་དབུ་བ་ཆུ་དང་གཅིག་ཏུ་འགྱུར་ཞིང་ཀུན
294b7 འདྲེས་པ་དེ་བཞིན་དུ། དགེ་སྦྱོང་གིས་ལུས་སེམས་ལ། བཞག་ཅིང་། སེམས་ཀྱང་ལུས་ལ་བཞག་ནས་ལུས་ཡང་བའི་འདུ་ཤེས་དང་། འཇམ་པའི་འདུ་ཤེས་བསྐྱེད་ནས། འཕག་པར་བྱེད་ཅིང་། ཡང་དག་པར
iiif viewer powered by OpenSeadragon
294a - 295a