e-texts navigator
Collection
Volume
Page
Wylie

275a1 པ་གནོད་པ་སྐྱེད་པ་སྟེ།། རྨོངས་པས་སེམས་ནི་རབ་རྨོངས་བྱེད།། ནང་ནས་འཇིགས་པ་སྐྱེས་གྱུར་པ།། དེ་ནི་སྐྱེ་བོས་མི་རྟོགས་སོ།། གང་གིས་འདིར་ནི་རྨོངས་སྤངས་ན།། རྨོངས་པར།
275a2 འགྱུར་ལ་རྨོངས་མི་བྱེད།། ཉི་མ་ཤར་བའི་མུན་པ་བཞིན།། དེ་ཡི་གཏི་མུག་མེད་པར་འགྱུར།། གང་གི་ཆོས་རྣམས་གསུམ་པོ་འདི།། ཏ་ལའི་མགོ་ལྟར་བཅད་བྱས་ཏེ།། གཏུབས་ནས་རིང་པོ་མི་ཐོགས་པར།།
275a3 དེ་ནི་སྐྱེ་གནས་འགྲོ་མི་འགྱུར།། དེ་ཕྱིར་འདོད་ཆགས་ཞེ་སྡང་དང་།། མ་རིག་པ་ནི་སྤོང་བྱེད་ཅིང་།། རིག་པ་སྐྱེད་པའི་དགེ་སློང་ནི།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། ཅིའི་ཕྱིར་འདོད་ཆགས་ཀྱི་ཤས་ཆེ་བར
275a4 འགྱུར་ཞེ་ན། སྨྲས་པ། དེས་ཆགས་པ་མི་དགེ་བའི་རྩ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། མ་ཆགས་པ་དགེ་བའི་རྩ་བ་ཀུན་ཏུ་མ་བསྟེན་ཅིང་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ།།
275a5 གཞན་ཡང་ངེས་འདོད་པའི་འདུ་ཤེས་དང་། འདོད་པའི་ཁམས་དང་། འདོད་པའི་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། མངོན་པར་འབྱུང་བའི་འདུ་ཤེས་དང་། མངོན་པར་འབྱུང་བའི།
275a6 ཁམས་དང་། མངོན་པར་འབྱུང་བའི་རྟོག་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་དེས་བརྒྱན་པ་དང་ཀླུབས་པ་ལ་བརྩོན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས
275a7 པ་དང་། བརྒྱན་པ་དང་། ཀླུབས་པ་དང་བྲལ་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་དེས་སྡུག་པའི་མཚན་མ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་།




iiif viewer powered by OpenSeadragon

274b - 275b

Texts on this page

Ty055-004 - rgyu gdags pa