| | e-texts navigator
|
260a1 ཡུམ་གྱི་ལྷུམས་ན་ཞུགས་པ་དེའི་ཚེ། དེ་སྐྱེད་པའི་ཡུམ་བརྟུལ་ཞུགས་ཀྱི་གནས་ལྔ་ཡང་དག་པར་སྤངས་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ནས། སྲོག་གཅོད
260a2 པ་ལས་སླར་ལོག་པར་གྱུར། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ།
260a3 འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པར་གྱུར་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས། རྒྱས་པར་སྦྱར་ཏེ། བ།
260a4 ཉིད་ཀྱིས་ཀྱང་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་གྱུར་ལ། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང་། བདག་ཉིད་ཀྱིས་ཀྱང་མ་བྱིན་པར་ལེན་པ་དང་།
260a5 མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་བྱེད་པ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི
260a6 གནས་ལས་སླར་ལོག་པར་གྱུར་ལ། གཞན་དག་ཀྱང་འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པས་ན། ལས་དེ་དང་འཐུན་པ།
260a7 ཡུམ་གྱི་སེམས་ཀྱང་དེ་ལྟར་གནས་སོ།། ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ། དེ་སྐྱེད་པའི་ཡུམ་ལུས་ངལ་བ་མེད་ཅིང་། ལུས་དུབ་པ་མེད་དེ། བདེ་བ་དང
iiif viewer powered by OpenSeadragon
259b - 260b