| | e-texts navigator
|
257b1 རྒྱུ་གདགས་པ་བམ་པོ་བཞི་པ། སྡོམ་ནི། འོང་བ་རྣམ་པ་གཉིས་པོ་དང་།། སྲུང་དང་སྦུབས་དང་བག་ཡངས་དང་།། འདོད་པའི་ཡོན་ཏན་བརྟུལ་ཞུགས་བདེ།། གཡོས་དང་འོད།
257b2 དང་མི་འདུག་དང་།། རི་དགས་ལྤགས་པ་གོམ་པ་བདུན།། ཕྱོགས་དང་སྨྲ་དང་ཀླུ་གཅིས་དང་།། ལྷ་གཉིས་དང་ནི་ཞག་བདུན་དང་།། འཇུག་པ་དང་ནི་ཀུན་དགའ་བོ།། ཕྱོགས་བཞི་དག་ནི་བསྲུང་བ་དང་།། ཨུཏྤལ་རོལ
257b3 མོའི་སྒྲ་སྣ་ཚོགས།། གཟིགས་མལ་གཉིས་དང་སྒོ་དག་དང་།། དེས་པ་དང་ནི་རྐྱེན་རྣམས་དང་།། ངུར་སྨྲིག་རྩཝ་དང་མི་གཞིག་དང་།། མངོན་པར་ཤེས་དང་སྙིང་བརྩེའི་སེམས།། ཅིའི་ཕྱིར་གང་གི་ཚེ། བྱང་ཆུབ
257b4 སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ། ས་ཆེར་གཡོ་ཞིང་ས་ཤིན་ཏུ་ཆེར་གཡོ་བར་འགྱུར་ཞེ་ན། སྨྲས་པ། ཀླུའི་མཐུས་གཡོ་བར་འགྱུར་ཏེ། བྱང
257b5 ཆུབ་སེམས་དཔའ་དབང་ཆེ་བར་གྲགས་པའི་སེམས་ཅན་གང་གི་ཚེ། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ། ཆུ་ན་གནས་པའི་ཀླུ་དབང་ཆེ་བར་གྲགས་སོ།
257b6 ཅོག་གིས། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་ཡིད་བདེ་བ
257b7 སྐྱེས་ནས། བྱང་ཆུབ་སེམས་དཔའ་ལ་བལྟ་བ་དང་། རྗེད་པར་བྱ་བའི་ཕྱིར་འོང་ཞིང་འགྲོ་བ་དང་། སྟེང་དུ་འབྱུང་སྟེ། དེ་དག་འོང་ཞིང་འགྲོ་བ་དང་། སྟེང་དུ་འབྱུང་བས་ཆུ་འཁྲུག་པར་གྱུར་ལ། ཆུ་འཁྲུགས་པས
iiif viewer powered by OpenSeadragon
257a - 258a