| | e-texts navigator
|
257a1 ལྡན་ནོ།། རྒྱལ་པོ་ཆོས་དང་ལྡན་པའི་མཆོག། ཇི་ལྟར་མཛེས་པར་གྱུར་པ་ལྟར།། དེ་བཞིན་སངས་རྒྱས་བཅོམ་ལྡན་ཡང་།། གཟུགས་ཀྱི་མཚན་གྱིས་བརྒྱན་པ་ཡིན།། འཁོར་ལོ་སྒྱུར་བ།
257a2 རྒྱལ་པོ་ཇི་ལྟར་སྐྱེ་བོ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། སྐྱེ་བོ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་ངོ་།། རྒྱལ་པོ་ཆོས
257a3 དང་ལྡན་པའི་མཆོག། ཇི་ལྟར་ཡིད་དུ་འོང་བ་ལྟར།། སྟོན་པ་བླ་མ་འཇིག་རྟེན་ན།། ཡིད་དུ་འོང་བའི་རང་བཞིན་ཡིན།། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་ཇི་ལྟར་བུ་སྟོང་ཡོད་དེ། དཔའ་བ། རྟུལ་བོད་པ། ཡན་ལས
257a4 མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་སྲས་མང་པོ་མངའ་སྟེ། ཞུགས་པ་དང
257a5 འབྲས་བུ་ལ་གནས་པ། དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཉོན་མོངས་པའི་དགྲའི་དཔུང་འཇོམས་པ་རྣམས་མངའ་འོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས
257a6 བྱའོ།། ཇི་ལྟར་འཁོར་ལོ་སྒྱུར་བའི་བུ།། ཆོས་དང་ལྡན་ཞིང་བདེན་པས་སྤྲུལ།། དཔའ་ཞིང་ཡན་ལག་མཆོག་གཟུགས་ལྡན།། ཕ་རོལ་སྡེ་ནི་རབ་ཏུ་འཇོམས།། དེ་བཞིན་བཅོམ་ལྡན་འདས་ཀྱི་སྲས།། ཞུགས
257a7 དང་འབྲས་བུ་གནས་པ་སྟེ།། དཔའ་བོ་ཟུང་ནི་བཞི་གྱུར་ཅིང་།། སྐྱེས་བུ་གང་ཟག་བརྒྱད་པོ་ཡིན།། ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་གསུམ་པའོ།།
iiif viewer powered by OpenSeadragon
256b - 257b