| | e-texts navigator
|
254b1 སུ་ཟད་པ་དག་ཏུ་དགེ་སྦྱོང་དང་། བྲམ་ཟེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་། བྱུང་ཞིང་ཤིན་ཏུ་རྟོག་པར་བྱེད་པ་གང་ཡིན་པ་དེ་དག་གི་གདོང་དུ་སོང་ནས། བསྙེན་པ་བྱས་ཤིང་བསྙེན
254b2 བཀུར་བྱས་ཏེ། དགེ་བ་ནི་གང་ཡིན། མི་དགེ་བ་ནི་གང་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ནི་གང་ཡིན། ཁ་ན་མ་ཐོ་བ་མེད་པ་ནི་གང་ཡིན། ཅི་ཞིག་བྱས་ན་ལེགས་པར་འགྱུར་ལ་སྡིག་པར་མི་འགྱུར
254b3 ཞེས་ཡོངས་སུ་དྲི་བ་བྱས་སོ།། དེ་དག་ལས་ཐོས་ནས་ཀྱང་དེ་བཞིན་དུ་བདག་ཉིད་ཀྱིས་བསྒྲུབས་སོ།། གཞན་ཡང་བློན་པོ་རིན་པོ་ཆེ་ནི་རྟོག་པར་བྱེད་ཅིང་། སེམས་པའི་རང་བཞིན་ཅན་དུ་གྱུར་ཏོ།། གཞན
254b4 ཡང་བློན་པོ་རིན་པོ་ཆེ་ལ་འབྲས་བུ་འམ། རྒྱུའི་སྒོ་ནས་བསྟེན་པ་གང་ཡིན་པ་དག་བསྒྲལ་ཞིང་ཀུན་ཏུ་བསྒྲལ་བའི་ཕྱིར། ཤིན་ཏུ་བསྒྲིམ་པ་དྲག་པོ་ལ་ཞུགས་ཏེ། རྒྱུ་དེས་ནི་བློན་པོ་རིན་པོ་ཆེ་མཁས
254b5 ཤིང་གསལ་ལ་ཡིད་གཞུངས་པར་གྱུར་ཏོ།། དེ་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། སྔོན་ནོ་བློན་པོ་རིན་པོ་ཆེས།། མཁས་པ་རྣམས་ལ་བསྙེན་བཀུར་བྱས།། གཞན་ཡང་རྟོག་པར་བྱེད།
254b6 པ་དང་།། བསྒྲུབ་ཕོད་པ་དང་ལེ་ལོ་མེད།། དེས་ན་དེ་ནི་མཁས་པར་གྱུར།། བློ་ལྡན་བརྩོན་འགྲུས་ལྡན་ལ་གསལ།། འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡི།། སྡེ་རྣམས་ལ་ཡང་བསྐོར་བར་གྱུར།། ཆོས་མངོན་པའི
254b7 བསྟན་ཆོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་གཉིས་པའོ།། སྡོམ་ནི། རྒྱལ་པོའི་འཁོར་ལོ་གླང་པོ་དང་།། རྟ་དང་ནོར་བུ་བུད་མེད་དང་།། ཁྱིམ་བདག་བློན་པོ་རིན་པོ་ཆེ།
iiif viewer powered by OpenSeadragon
254a - 255a