e-texts navigator
Collection
Volume
Page
Wylie

254a1 པོའི་ཐད་དུ་སོང་ནས། ཚེ་འདིའི་དོན་ལ་ཡང་འཛུད་པར་བྱེད་དོ།། ཚེ་ཕྱི་མའི་དོན་ལ་ཡང་འཛུད་པར་བྱེད། ཚེ་འདི་དང་ཚེ་ཕྱི་མའི་དོན་ལ་ཡང་འཛུད་པར་བྱེད་དོ།། དེ་ནི་འཁོར་ལོ
254a2 སྒྱུར་བའི་རྒྱལ་པོ་ལ་དཔུང་འབུལ་བར་འོས་པ་ཡང་འབུལ་བར་བྱེད་ལ། དཔུང་བསལ་བར་འོས་པ་ཡང་བསལ་བར་བྱེད་དོ།། དེ་ནི་འགྲོ་བ་ཡང་འཁོར་ལོ་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག
254a3 བཞི་པ་ཡང་ངལ་བ་དང་། དུབ་པར་མི་བྱེད་ལ། ཞམ་རིང་བྱེད་ལ། གཞན་དག་གི་ཡང་ངལ་བ་དང་དུབ་པར་མི་བྱེད་དོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། མུན་པ་སྣང་བ་མེད་པ།
254a4 དང་།། མུན་ནག་སྒྲོན་མ་མེད་པར་ནི།། མར་མེའི་ཏིལ་མར་སྙིང་པོ་རྣམས།། ལྐུག་པར་གཏོང་བས་སྦྱིན་པར་གྱུར།། པ་མ་དག་ལ་སྣང་བ་རྣམས་དང་གསལ་དང་སྒྲོན་མ་འབར་བར་བྱས།། གཉེན་རྣམས་ལ
254a5 ནི་ཇི་བཞི་ནི་དགེ་སྦྱོང་བྲམ་ཟེ་རྣམས་ལའང་དེ་དང་འདྲ།། ལས་དགེ་བདེ་བ་འབྱུང་བའི་འདི་ནི་ཚེ་རབས་གཞན་དུ་བྱས་ནས་ཏེ།། ལས་ཀྱི་རྣམ་པར་སྨིན་པ་དེས་ན་རྒྱལ་པོའི་བློན་པོ་མཁས་པར་གྱུར།།
254a6 ཅིའི་ཕྱིར་བློན་པོ་རིན་པོ་ཆེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་། ཅི་ལ་ཡང་ཐོགས་པ་མེད་པའི་ཤེས་རབ་དང་ལྡན་པར་གྱུར་ཅེ་ན། སྨྲས་པ། བློན་པོ་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་དང་། སྔོན
254a7 གྱི་གནས་དང་། སྔོན་གྱི་ལུས་དང་། སྔོན་གྱི་བདག་ཉིད་ཐོབ་པ་དང་། སྔོན་གྱི་ཚེ་རབས་གཞན་དག་དང་། འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་དང་། ཡོངས




iiif viewer powered by OpenSeadragon

253b - 254b

Texts on this page

Ty055-004 - rgyu gdags pa