| | e-texts navigator
|
227b1 ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལ་བུས་ལུས་ཞིག་ནས། དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས། རྒྱས་པར་སྦྱར་རོ།། དེ་དེ་ནས་ཤི་འཕོས་ནས
227b2 ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་སོ་བཞི་བཅུ་དང་། སོ་མཉམ་པ་དང་། སོ་ཐགས་བཟུང་བ
227b3 གསུམ་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འཇུག་ཅིང་ཁྱིམ་ན་གནས་ན་ནི། འཁོར་ལོ་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས། རྒྱས་པར་སྦྱར་ཏེ། མི་བྱེད།
227b4 པའི་འཁོར་དང་ལྡན་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ།། གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི
227b5 འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། མི་བྱེད་པའི་འཁོར་དང་ལྡན་པ་དང་།
227b6 བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། གང་གིས་སོ་ནི་བཞི་བཅུར་གྱུར་པ་དང
227b7 སོ་མཉམ་པ་དང་ཐགས་ནི་བཟང་པོ་གྱུར།། གལ་ཏེ་ཕྲ་མ་དབྱེན་དུ་འགྱུར་བའི་ཚིག། འབྱེད་པར་བྱེད་པ་རྣམ་པར་སྤོང་བ་དང་།། སྔོན་ནི་རྣམ་པར་སྨིན་དང་འཐུན་པར་བྱས།། དེ་ནི་འདུས་པ་རྣམས་ཀྱིས་དེ
iiif viewer powered by OpenSeadragon
227a - 228a