| | e-texts navigator
|
227a1 བྲམ་ཟེ་རྣམས་ཀྱིས་བཟོད་པར་བྱེད།། དེས་ནི་གནང་བར་བྱ་བའི་ཆོས་རྣམས་གནང་།། བདེ་བར་བྱས་དང་དགེ་བ་བྱེད་པའི་གཙོ།། དེ་དང་དེར་ཡང་གཙོ་བོར་བསྐོར་བར་གྱུར།། ལས་དགེ
227a2 བདེ་བསྐྱེད་པར་བྱེད་པ་འདི།། ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད།། ལས་ཀྱི་རྣམ་སྨིན་དེས་ན་སྟོན་པ་ཡི།། གྲུལ་མཚན་ནི་འདི་གསུམ་བྱུང་བར་གྱུར།། ཅིའི་ཕྱིར་བྱང་ཆུབ་སེམས་དཔས
227a3 སྐྱེས་བུ་ཆེན་པོའི་མཚན་སོ་བཞི་བཅུ་དང་། སོ་མཉམ་པ་དང་། སོ་ཐགས་བཟང་བ་གསུམ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས། རྒྱས་པར་སྦྱར་ཏེ། ཕྲ་མའི་ཚིག
227a4 སྤངས་ཤིང་ཕྲ་མའི་ཚིག་ལས་སླར་ལོག་སྟེ། ཚུ་རོལ་པ་རྣམས་ཀྱི་ཚིག་ཐོས་ན། ཚུ་རོལ་པ་རྣམས་དབྱེ་བའི་ཕྱིར་ཕ་རོལ་པ་རྣམས་ལ་མ་བསྙད་པ། ཕ་རོལ་པ་རྣམས་ཀྱི་ཚིག་ཐོས་ན་ཡང་། ཕ་རོལ་པ་རྣམས
227a5 དབྱེ་བའི་ཕྱིར་ཚུ་རོལ་པ་རྣམས་ཀྱི་ཐད་དུ་འོངས་ཏེ་མ་བསྙད་དོ།། དེ་ལྟར་བྱ་བའི་རྣམས་གཅིག་ཏུ་སྡུད་པ་དང་། འདུས་པ་རྣམས་ལ་རྗེས་སུ་དགའ་བ་དང་། འཐུན་པར་དགའ་ཞིང་འཐུན་པར་མོས་ཏེ། འཐུན
227a6 པར་གྱུར་པའི་ཚིག་སྨྲ་བ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་བྱེ་བ་རྣམས་དང་། ཀུན་ཏུ་བྱེ་བ་རྣམས་དང་། རྣམ་པར་བྱེ་བ་རྣམས་དང་། བསྡུམས་མ་བྱས་པ་རྣམས་ཀྱི་བསྡུམས་བྱས
227a7 ཤིང་འཐུན་པར་བྱས་ཏེ། ཡང་དག་པར་དགའ་བར་བྱས་ནས། འཐུན་པ་དང་འདུས་པ་དེ་དག་གིས་དགའ་ཞིང་མངོན་པར་དགའ་ལ། དེས་གདུང་བར་མི་བྱེད་ཅིང་ཡོངས་སུ་ཡི་ཆད་པར་མི་བྱེད་དེ། དེ་ལས་དེ་དང
iiif viewer powered by OpenSeadragon
226b - 227b