| | e-texts navigator
|
224b1 ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ།། དེ་ནི་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཆེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་།
224b2 མཚོན་གྱིས་བདའ་བ་མེད་ལ་ཆོས་དང་འཐུན་ཞིང་སྙོམས་པར་ལེགས་པར་ཕབ་སྟེ་གནས་པ་དེ་གསེར་གྱི་མདོག་དེ་དང་། འོད་འདོམ་གང་བ་དེས་བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་།
224b3 གཙོ་བོ་རྣམས་དང་། དམག་གི་རུ་དང་། གྲོང་མི་དང་། ཡུལ་གྱི་མི་རྣམས་ཀྱིས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ།། གལ་ཏེ་སྒྲ་དང་ཁ་སྤུ་རྣམས་བྲེགས་ཏེ།
224b4 གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནས་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ
224b5 འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། དེ་གསེར་གྱི་མདོག་དེ་དང་། འོད་འདོམ་གང་དེས་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས
224b6 དང་། ལྷ་རྣམས་དང་། ཀླུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྷོ་འཕྱེ་ཆེན་པོ་རྣམས་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས
224b7 དངད། མི་རྣམས་དང་། མི་མ་ཡིན་པ་རྣམས་ཀྱིས་གཅེས་པར་བྱེད། བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། དེ་ནི་དེའི་སྔ་ལྟས་ཡིན་ནོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས
iiif viewer powered by OpenSeadragon
224a - 225a