e-texts navigator
Collection
Volume
Page
Wylie

224a1 སྟན་དང་། གནས་དང་། མར་མེ་བཟང་པོ་རྣམས་ཀྱིས་སེམས་ཀྱི་རྒྱུད་རྣམ་པར་དག་པས་ཆོས་རྣམ་པར་དག་པ་དང་ལྡན་པའི་སེམས་ཅན་རྣམས་ལ་བྱ་བ་བྱས་པ་དང
224a2 གཞན་ཡང་བྱང་ཆུབ་སེམས་དཔའ་ཁྲོ་བ་མེད་ཅིང་ཁྲོ་གཉེར་དང་བྲལ་བར་གྱུར་ཏེ། དེ་ལས་དེ་དང་ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས། དགའ་ལྡན་གྱི་སྒྲ
224a3 རྣམས་དང་སྐལ་བ་མཉམ་པར་སྟེའོ།། དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དཀའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། འདིས་སྟེ། ལྷ
224a4 ཚེ་དང་། ལྷའི་ཁ་དོག་དང་། ལྷའི་གྲགས་པས་འཕགས་སོ།། དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་ཏེ། དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་ནས། དེ་ནས་ཤི་འཕོས་ཏེ་ཁམས་འདིར་མི་རྣམས་དང
224a5 སྐལ་བ་མཉམ་པར་སྐྱེའོ།། དེ་འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་གསེར་གྱི་མདོག་དང་། འོད་འདོམ་གང་བ
224a6 གཉིས་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི། འཁོར་ལོ་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་འདུ
224a7 དང་ལྡན་པར་འགྱུར་རོ།། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་ནས། བདུན་པ་སྟེ་བློན་པོ་རིན་པོ་ཆེའི་བར་རྣམས་སོ།། དེའི་བུ་ནི་སྟོང་ཐམ་པ་ཡོད་དོ།། དཔའ་བ། རྟུལ་བོད་པ།




iiif viewer powered by OpenSeadragon

223b - 224b

Texts on this page

Ty055-004 - rgyu gdags pa