| | e-texts navigator
|
212b1 ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆུ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་ནག་རིན་པོ་ཆེ་དང་། བདུན་པ་སྟེ་བློན་པོ
212b2 རིན་པོ་ཆེའོ།། དེའི་བུ་ནི་སྡོང་ཐམ་པ་ཡོད་དོ།། དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ།། དེ་ནི་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ
212b3 ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་འཐུན་ཞིང་སྙོམས་པར་ལེགས་པར་ཕབ་སྟེ་གནས་སོ།། གལ་ཏེ་སྐྲ་དང་ཁ་སྤུ་རྣམས
212b4 བྲེགས་ཏེ། གོང་ངུར་སྨྲིག་དག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི། འཇིག་རྟེན་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
212b5 རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩ
212b6 ཏོ།། ཐུབ་ཆེན་བདག་ཉིད་རབ་བསྒོམས་པ།། ལུས་ཀྱི་ཐ་མ་འཛིན་པ་ཡི།། ལུས་ལ་མཚན་རྣམས་ཡོད་པ་དག། ང་ཡིས་རབ་ཏུ་བཤད་པར་བྱ།། དེ་ཡི་རྐང་པ་ཤིན་ཏུ་གནས།། ས་ལ་མཉམ་པར་གནོན་པ་ཡིན།།
212b7 དེ་ཡི་རྐང་གཉིས་འོག་མཐིལ་ན།། འཁོར་ལོ་རབ་ཏུ་དབྱིབས་ལེགས་ཡོད།། ལག་སོར་ཡང་ནི་རིང་བ་སྟེ།། རྐང་པ་རྟིང་པ་ཡངས་པར་ལྡན།། ལག་དང་རྐང་པ་དྲ་བས་འབྲེལ།། ཤིང་བལ་ལྟ་བུར་འཇམ་པ་ཡིན།།
iiif viewer powered by OpenSeadragon
212a - 213a