e-texts navigator
Collection
Volume
Page
Wylie

212a1 ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལྕེ་རིང་ཞིང་སྲབ་པ་སྟེ། ལྕེ་རིང་ཞིང་སྲབ་པས་ན། ཁ་ནས་ཕྱུང་ན་ལྕེས་སྒྲའི་མཚམས་སུ་ཐུག་པར་ཁ་ཐམས་ཅན།
212a2 ཁེབས་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ཚངས་པའི་དབྱངས་བྱ་ཀ་ལ་བིངྐའི་ལྟར་སྒྲ་སྙན་ཅིང་རྔ་བོ་ཆེའི་སྒྲ་ལྟ་བུ་དང་ལྡན་པ་སྟེ། དགེ་སློང
212a3 དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མོག་མཐོན་མཐིང་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློ་ནག་སྐྱེས
212a4 བུ་ཆེན་པོ་ནི་བའི་རྫི་མ་ལྟ་བུ་དང་ལྡན་ཏེ། དགེ་སློང་དག་འདིན་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མགོ་བོའོ་གཙུག་ཏོར་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན
212a5 པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སྨིན་མཚམས་སུ་མཛོད་སྤུ་སྐྱེས་པ་དཀར་ཞིང་འཇམ་ལ་རེག་ན་བདེ་བ་དང་། གཡས་སུ་འཁྱིལ་བ་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ།
212a6 ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་དེ་དག་ཡིན་ཏེ། སྐྱེས་བུ་ཆེན་པོའི་མཚན་དེ་དག་དང་ལྡན་ན། རྣམ་པ་གཉིས་སུ་འགྱུར་གྱི། གཞན་དུ་མི
212a7 འགྱུར་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི། འཁོར་ལོ་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ།། དེའི་རིན་པོ




iiif viewer powered by OpenSeadragon

211b - 212b

Texts on this page

Ty055-004 - rgyu gdags pa