e-texts navigator
Collection
Volume
Page
Wylie

208b1 ཞིང་འཁོད་པ་ལས། དེ་ལ་རབ་ཏུ་ཆགས་པའི་སེམས་གཡོས་པས།། དེ་ཡང་མེད་པར་གྱུར་ཏོ།། དེའི་འོག་ཏུ་ལྡུམ་བུ་ཞིམ་པོ་སྐྱེས་ཏེ། དེ་ལ་ཡང་ཆགས་པས། དེ་ཡང་མེད་པར་གྱུར་ཏོ།། དེའི་འོག་ཏུ་འབྲས
208b2 བབཟང་པོ་རང་སྐྱེས་ནས། དེ་ཟ་བ་ལས་སྐྱེས་པ་དང་། བུད་མེད་ཀྱི་ཕོ་མཚན་མོ་མཚན་ཡང་བྱུང་། བླ་ཙ་ཆེ་ཆུང་ལ་སོགས་པ་ཡང་བྱུང་། ཕོ་མོ་ཡང་འདོད་ཆགས་ལ་སོགས་པ་བག་ཆགས་ཀྱི་དབང་གིས། རག་ལས་མི
208b3 རྟེན་པའི་ཡིད་གཡོས་ཏེ། འདོད་ཅིང་ཆགས་པ་གཡོས་ནས། དེའི་དབང་གིས་གཉིས་ཀ་ཕན་ཚུན་འཆོས་སོ།། དེ་ལྟར་འཆོས་ནས་འབྲས་བུ་དེ་ལ་ཞག་གཉིས་ཞག་གསུམ་གྱིར་ཅིག་ཅར་བརྔས་ཤིང་བྱེད་དོ།།
208b4 དེ་ནས་ཡང་ཞག་བཞི་ལྔ་ཡིར་ཚོགས་བྱེད་དོ།། ཞག་བདུན་གྱིར་ཚོགས་བྱེད། ཟླ་བ་ཡིར་ཚོགས་བྱེད་དེ། སེར་སྣ་མི་དགེ་བའི་རྩ་བ་སྐྱེས་ནས་ཕན་རྐུན་ལྡོང་པའི་སྡིག་གིས་དེ་ཡང་མི་སྐྱེ་བར་གྱུར་ཏོ།། སེར་སྣའི
208b5 མཐུས་པ་དང་ངའི་བབྱུང་སྟེ། ཞིང་ལ་ངའི་ཞེས་སོ་སོར་བཅད་ནས། ས་བོན་འདེབས་ཤིང་རྨོ་བརྐོ་བྱེད་པ་འབྱུང་ངོ་།། དེ་ནས་བསོད་ནམས་ཅན་གྱི་ཞིང་དུ་ནི་བཟང་དུ་སྱེ། སྡིག་ཅན་གྱི་ཞིང་དུ་ནི་ངན་དུ་སྐྱེས་པ་ལས།
208b6 ངན་པ་རྣམས་ཀྱིས་བཟང་པོའི་ཞིང་བརྐུས་ནས། མ་བྱིན་པར་ལེན་པའི་སྡིག་བྱུང་སྟེ། དེའི་ལན་གྱིས་དབུལ་བ་ཐོག་མར་བྱུང་ངོ་།། ལོ་ཀ་པྲ་ཛཱ་རྫོགས་སོ།། ། བརྡ་རྙིང་དུ་སྣང་ངོ་།།
208b7 རྒྱ་གར་སྐད་དུ། ཀཱ་ར་པྲཛྙཱ་བ་ཏེ། བོད་སྐད་དུ། རྒྱུ་གདགས་པ་བམ་པོ་དང་པོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི




iiif viewer powered by OpenSeadragon

208a - 209a

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go
Ty055-004 - rgyu gdags pa