e-texts navigator
Collection
Volume
Page
Wylie

193b1 གང་ཞིག་ཟུག་དར་ཁྲོད་འཆང་ཞིང་།། ངོ་ཚ་ཤེས་ཤིང་འདོད་མི་ལྭ།། ཤིང་དྲུང་དག་ཏུ་གནས་པ་དོ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་སྡུག་བསྔལ་ཀུན་སྤངས་ཕྱིར།། ཞི་བ་འཕགས་ལམ
193b2 ཡན་ལག་བརྒྱད།། དྲང་པོ་སྒོམ་པར་བྱེད་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ལ་ཅུང་ཟད་གནས་མེད་ཅིང་།། འདུ་ཤེས་ཡིད་གཅིས་ཟུག་རྔུ་མེད།། འཆི་མེད་ཀོ་འཕང་ཐོབ་པ་དེ།། བྲམ་ཟེ་ཡིན་པར
193b3 ངས་གསུངས་སོ།། གང་ཞིག་ལུས་མེད་དྲུག་ན་གནས།། གཅིག་པུ་རྒྱུ་ཞིང་རིང་དུ་འགྲོ།། གདུལ་བར་དཀའ་བའི་སེམས་དུལ་རེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་གཟུགས་མེད་བལྟར་མེད
193b4 མཐའ་ཡས་ལ།། ཤིན་ཏུ་བལྟར་མེད་ཕྲ་ཞིང་གཞི་མངོན་རྟོགས།། རྟག་དྲན་ཀུར་སྦྱོར་ཟད་རྒྱུ་སངས་རྒྱས་པ།། འཇིག་རྟེན་འདོན་དེ་ནི་བྲམ་ཟེ་ཡིན།། གང་གིས་སོགས་མིག་འཆིང་གཏུབས་ཏེ།། ཆིངས་མ་\ུ0f7f
193b5 ཐག་བཅད་ནས་སུ།། ཡོངས་སུ་གདུང་སྤངས་སངས་རྒྱས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གིས་རྙེད་འདོད་སྡིག་ཅན་དང་།། སོགས་མིག་ཆིངས་མ་གཏུབས་གྱུར་ཅིང་།། སྲེད་པ་རྩར་བཅད
193b6 དྲུངས་ཕྱུང་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། བརྩོན་པས་ཆུ་བོའི་རྒྱུན་བཅད་ཅིང་།། འདོད་པ་ཐམས་ཅད་རབ་བཅོམ་དང་།། འདུ་བྱེད་རྣམས་ཀྱི་ཟད་ཤེས་པ།། སྡིག་མེད་གང་ཡིན་བྲམ་ཟེ་ཡིན།།
193b7 པ་དང་མ་ནི་བསད་བྱས་ཤིང་།། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་།། ཡུལ་འཁོར་འཁོར་དང་བཅས་བཅོམ་པ།། སྡིག་མེད་གང་ཡིན་བྲམ་ཟེ་ཡིན།། པ་དང་མ་ནི་བསད་བྱས་ཤིང་།། རྒྱལ་པོ་གཙང་སྦྲ་ཅན།




iiif viewer powered by OpenSeadragon

193a - 194a

Texts on this page

Ty055-002 - ched du brjod pa'i tshoms