| | e-texts navigator
|
183a1 པའི་སེམས།། སྲེད་པ་རྣམས་ཀྱིས་ཡོངས་མི་ཆོམས།། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།། ཡིད་འགྱོགས་ཡིད་ནི་གཙོ་བོ་ཡིན།། གལ་ཏེ་ཡིན་རབ་གཟུགས་པ་ཡིས།། སྦས་སམ།
183a2 ཡང་ན་བྱས་ཀྱང་རུང་།། དེ་ཡིས་དེ་ནི་སྡུག་བསྔལ་འཐོབ།། འཁོར་ལོས་མགོ་བོ་བཅད་པ་བཞིན།། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།། ཡིད་འགྱོགས་ཡིད་ནི་གཙོ་བོ་ཡིན།། གལ་ཏེ་ཡིད་རབ་དང་བ་ཡིས།། སྨྲས
183a3 སུམ་ཡང་ན་བྱས་ཀྱང་རུང་།། དེ་ཡིས་དེ་ནི་བདེ་བ་ཐོབ།། གྲིབ་མ་རྗེས་སུ་འབྲང་བ་བཞིན།། བརྩད་པ་ཆེར་ཆེར་འཛིན་པ་དང་།། སེམས་ནི་ཉོན་མོངས་གྱུར་པ་ཡིས།། གླགས་སྐབས་ཚོལ་བར་བྱེད་པ་ཡིས།། །
183a4 ལེགས་བཤར་ལེགས་པར་མི་ཤེས་སོ།། སྡང་བའམ་ཡང་ན་འཁྲུག་པ་འམ།། དད་པ་མེད་པའི་སེམས་དག་གིས།། རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡིས།། དམ་ཆོས་ཀུན་ཤེས་མི་ནུས་སོ།། གང་གིས་བག
183a5 མེད་སེམས་དང་ནི།། ཁྲོ་བ་རྣམ་པར་བཏུལ་བ་དང་།། འདི་ན་གནོད་སེམས་རབ་སྤངས་པ།། དེས་ནི་ལེགས་པར་བཤད་པ་ཤེས།། སེམས་ཀྱི་བརྟན་པ་མེད་པ་ཡིས།། དམ་ཆོས་རྣམ་པར་ཤེས་མི་འགྱུར།། དད་པ
183a6 འགྱུར་ལྡོག་བྱེད་པ་ཡིས།། ཤེས་རབ་ཡོངས་སུ་རྫོགས་མི་འགྱུར།། ཀུན་རྟོག་ལ་ཆུམས་རྟེན་པ་ཡི།། ལྷ་ངན་སུམ་ཅུ་རྩ་དྲུག་གིས།། ཆུ་བོའི་རྒྱུན་ནི་གང་ཡིན་པ།། ཡིད་ཀྱི་རྒྱུན་ལས་རབ་ཏུ་འབབ།།
183a7 དགའ་སེམས་དབང་པོ་ཕལ་པ་དང་།། སེམས་ཀྱི་རྗེས་འབྲང་ཞན་པ་ཡི།། མི་དེའི་གྲགས་འགྲིབ་འབྲས་ལྷགས་པའོ།། ལྗོན་ཤིང་ལ་ནི་བྱ་བཞིན་ནོ།། སེམས་ཁྱོད་ཕུང་ཁྲོལ་འདོད་ལ་དགའ་མ་བྱེད།། བརྩོན
iiif viewer powered by OpenSeadragon
182b - 183b