e-texts navigator
Collection
Volume
Page
Wylie

182a1 དེ་གཟུང་ངོ་།། ཁང་ཁྱིམ་བྱེད་པ་འདི་ཡིས་ནི།། ཡང་ཡང་སྐྱེ་བའི་སྡུག་བསྔལ་ཅན།། སྐྱེ་བའི་འཁོར་བ་དུ་མ་ཞིག། ད་ལྟར་ཕན་ཆད་ཁྱོད་ཀྱིས་ཕྱུང་།། ཁང་ཁྱིམ་བྱེད་པ་ཁྱོད
182a2 མཐོང་བས།། ཁྱིམ་གྱི་གདུང་ཆེན་རྣམས་བཅོམ་ལ།། ཕྱེམས་རྣམས་ཐམས་ཅད་བཅག་ནས་སུ།། ཕྱིན་ཆད་ཁྱིམ་བྱེད་མི་གཞུག་གོ།། སེམས་ནི་འདུ་བྱེད་དང་ཕྲལ་ནས།། འདི་ཉིད་ལ་ནི་ཟད་པར
182a3 འདོད།། སེམས་ནི་གཡོ་ཞིང་བརྫུན་པ་སྟེ།། རིང་དུ་འགྲོ་ཞིང་བཟློག་དཀའ་བ།། མདའ་མཁན་མེ་ཡིས་སྲོང་བ་ལྟར།། ཡིད་གཞུངས་པ་ཡིས་བསྲུང་བར་བྱ།། གང་ཞིག་ལུས་མེད་ཕུག་ན་གནས།། གཅིག།
182a4 ཏུ་རྒྱུ་ཞིང་རིང་འགྲོ་བའི།། སེམས་དེ་གདུལ་བར་བྱེད་པ་ནི།། འཇིགས་པ་ཆེ་ལས་ཐར་པར་འགྱུར།། ལོག་པའི་སྨོན་ལྡན་སེམས་གང་གིས།། བདག་ཉིད་སྡུག་བསྔལ་མི་འགྱུར་བ།། དེ་ལྟར་ཁོན་གྱིས།
182a5 ཁོན་ཅན་དང་།། དགྲ་བོས་དགྲ་ལའང་བྱེད་མི་འགྱུར།། ཡང་དག་སྨོན་ལམ་སེམས་གང་གིས།། བདག་ཉིད་བདེ་བར་བྱེད་འགྱུར་བ།། དེ་ལྟར་པ་དང་མ་དག་དང་།། གཉེན་གཞན་གྱིས་ཀྱང་བྱེད་མི་འགྱུར།། ཇི་ལྟར།
182a6 ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཛག་པ་ལྟར།། དེ་བཞིན་སེམས་ནི་མ་བསྒོམས་པ།། འདོད་ཆགས་རྣམས་ཀྱིས་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག་ལེགས་ན།། ཆར་པ་རྣམ་པར
182a7 མི་འཛག་པ།། དེ་བཞིན་ལེགས་པར་བསྒོམས་པའི་སེམས།། འདོད་ཆགས་རྣམས་ཀྱིས་ཡོངས་མི་ཆོམས།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཛག་པ་ལྟར།། དེ་བཞིན་སེམས་ནི




iiif viewer powered by OpenSeadragon

181b - 182b

Texts on this page

Ty055-002 - ched du brjod pa'i tshoms