| | e-texts navigator
|
180b1 ཞིག་བདེ་བར་ཡངས་འདོད་ཅིང་།། བདེ་བ་ཆུང་ངུ་གཏོང་འདོད་པའི།། བཅན་པས་བདེ་ཆུང་སྤང་བྱས་ན།། བདེ་བ་ཡངས་པ་ལེགས་པར་མཐོང་།། འཇིག་རྟེན་འདོད་བདེ་གང་ཡིན་དང་།། ལྷ་ཡུལ་བདེ་བ་གང་།
180b2 ཡིན་པས།། སྲེད་པ་ཟད་པའི་བདེ་བ་དེའི།། བཅུ་དྲུག་ཆར་ཡང་མི་བོད་དོ།། ཁུར་གྱིས་སྡུག་བསྔལ་བླངས་པས་ན།། ཁུར་བོར་ན་ནི་བདེ་བར་འགྱུར།། ལྕི་བའི་ཁུར་དག་ངེས་བོར་ན།། ཕྱི་ནས་གཞན
180b3 དག་ལེན་མི་འགྱུར།། ཀུན་སྦྱོར་ཐམས་ཅད་ཟད་བྱའི་ཕྱིར།། སྲེད་པ་ཐམས་ཅད་རབ་ཏུ་སྤངས།། ཕུང་པོ་ཐམས་ཅད་ཡོངས་ཤེས་ན།། སྲིད་པ་ཕྱི་མར་འགྲོ་བ་མེད།། དོན་རྣམས་བསྐྲུན་པ་ལ་ནི་གྲོགས
180b4 ལྡན་བདེ།། སྲོག་དག་རབ་ཏུ་གཏུགས་ལ་བསོད་ནམས་བདེ།། ངན་ངོན་ཙམ་གྱིས་ལེགས་པར་ཆོག་ཤེས་བདེ།། སྡུག་བསྔལ་ཐམས་ཅད་ངེས་པར་ནུབ་པ་བདེ།། འདི་ན་མེ་ནི་འབར་བ་ལ།། ལྕགས་ཀྱི་ཇེ
180b5 བས་བརྒྱབ་པ་ཡིས།། རིམ་གྱིས་ཉེ་བར་ནི་འགྱུར་ཏེ།། ཇི་ལྟར་སོང་བ་མ་ཤེས་ལྟར།། འདོད་པའི་འདམ་རྫབ་ཆུ་རྒལ་ཅིང་།། ཀོ་འཕང་མི་གཡོ་ཐོབ་པ་དང་།། ལེགས་པར་རྣམ་པར་གྲོལ་རྣམས་ཀྱི།
180b6 འགྲོ་བ་གདགས་སུ་མེད་པ་ཡིན།། གང་ཞིག་ཁེང་ན་འཁྲུགས་པ་མེད་པ་དང་།། གང་ཞིག་སྲིད་དང་སྲིད་མིན་ལས་ལོག་པ།། དེ་དག་འཇིགས་བྲལ་བདེ་ཞིང་མྱ་ངན་མེད།། ལྷས་ཀྱང་བལྟ་ཞིང་བསལ་དུ་མེད
180b7 པར་འགྱུར།། འདི་ན་གང་དག་ཆོས་མང་ཐོས་པ་དང་།། རྟོགས་ཤིང་ཅི་ཡང་མེད་པ་ཀྱེ་རེ་བདེ།། སྐྱེ་བོ་སྐྱེ་བོའི་སེམས་ལ་རབ་ཆགས་ཤིང་།། ཅུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས།། འདི་ནི་གང་དག་ཆོས
iiif viewer powered by OpenSeadragon
180a - 181a