e-texts navigator
Collection
Volume
Page
Wylie

171b1 མི་བྱེད་པ་ཡང་མིག་དང་ལྡན་པས་མཐོང་ངོ་།། དེ་དག་དེ་ལྟར་མི་བྱེད་ཅིང་།། དེ་དག་དེ་ལྟར་མི་བྱེད་ན།། དེ་དག་གི་ལམ་དུ་མི་གདུགས་པ་འདི་ལྟ་བུར་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ།། ཇི་ལྟར་ཆུ་བུར་མཐོང་བ།
171b2 དང་། འཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར།། དེ་བཞིན་འཇིག་རྟེན་ལྟ་བྱེད་པ།། འཆི་བདག་རྒྱལ་པོས་མཐོང་མི་འགྱུར།། ཇི་ལྟར་ཆུ་བུར་མཐོང་བ་དང་།། ཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར།། དེ་བཞིན་ལུས་ལ
171b3 བྱེད་པ།། འཆི་བདག་རྒྱལ་པོས་མཐོང་མི་འགྱུར།། གང་ལ་བྱིས་པ་མངོན་ཆགས་པ།། དེ་ལ་མཁས་པ་ཆགས་མི་འགྱུར།། རྒྱལ་པོའི་ཤིང་ན་བཀྲ་བ་ལྟར།། ལུས་འདི་རྟག་ཏུ་ལྟ་བར་གྱིས།། གང་ལ་བྱིས་པ
171b4 རྨོངས་འགྱུར་བ།། དེ་ལ་མཁས་པས་རྨོངས་མི་འགྱུར།། རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར།། ལུས་འདི་རྟག་ཏུ་ལྟ་བར་གྱིས།། གང་དུ་བྱིས་པ་ཉམས་འགྱུར་བ།། གླང་རྒན་རྫབ་ཏུ་ཆུད་པ་བཞིན།། རྒྱལ་པོའི་ཤིང་\ུ0f7f།
171b5 བཀྲ་བ་ལྟར།། ལུས་འདི་རྟག་ཏུ་བལྟ་བར་གྱིས།། ནད་པ་ལྟ་བུར་འཇིག་ཆོས་ཅན།། རྨ་བྱུང་བ་དང་འདྲ་བ་སྟེ།། གང་ཡང་བརྟན་པར་མི་གནས་པར།། ལུས་འདི་རྟག་ཏུ་བལྟ་བར་གྱིས།། ནད་པ་འཇིག་པའི་ཆོས
171b6 ཅན་ལྟར།། གང་ཡང་བརྟན་པར་མི་གནས་པར།། ནོར་བུའི་རྣ་ཆ་གདུབ་ཀོར་གྱིས།། བརྒྱན་པའི་ལུས་ལ་བལྟ་བར་གྱིས།། སྒྲ་ནི་ལན་བུ་བརྒྱ་བྱས་ཤིང་།། མིག་སྨན་གྱིས་ནི་བསྐུས་པའི་མིག། བྱིས་པ་2
171b7 པར་རྨོངས་བྱེད་ཀྱང་།། ཕ་རོལ་ཚོལ་བར་མི་བྱེད་དོ།། མིག་སྨན་གྱིས་ནི་གསར་བྲིས་ཤིང་།། རྣག་ཅན་ལུས་ནི་བརྒྱན་པར་གྱིས།། བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་།། ཕ་རོལ་ཚོལ་བར་མི་བྱེད་དོ།། ལུས་ནི




iiif viewer powered by OpenSeadragon

171a - 172a

Texts on this page

Ty055-002 - ched du brjod pa'i tshoms