| | e-texts navigator
|
161a1 གང་ཞིག་ཕ་རོལ་ཁྲོས་རིག་ནས།། བདག་ཉིད་ཉེ་བར་ཞི་བྱེད་པ།། དེ་ནི་བདག་དང་གཞན་དག་གི། འཇིགས་ཆེན་དག་ལས་སྐྱོབས་པ་ཡིན།། གང་ཞིག་ཕ་རོལ་ཁྲོས་རིག་ནས།
161a2 བདག་ཉིད་ཉེ་བར་ཞི་བྱེད་པ།། དེ་ནི་བདག་དང་གཞན་དག་གི། གཉིས་ཀའི་དོན་ནི་སྤྱོད་པ་ཡིན།། བདག་ཉིད་དང་ནི་གཞན་དག་དང་།། གཉིས་ཀའི་དོན་ནི་སྤྱོད་དེ་ལ།། སྐྱེ་བོ་ཆོས་ལ་མི་མཁས་རྣམས། བྱིས་པ་ཡིན།།
161a3 ཞེས་སེམས་ཀྱང་བླ།། གཙོ་བོའི་ཆོ་ག་ནི་འཇིགས་ཕྱིར་བཟོད་བྱེད་དང་།། ཐབས་ཟླའི་ཚིག་ནི་ཐབས་གཅུགས་རྒྱུ་བཟོད་པས།། གང་ཞིག་དམན་པའི་ཆོག་ལ་བཟོད་བྱེད་དེ།། བཟོད་པའི་མཆོག་ཅེས
161a4 དམ་པས་རབ་ཏུ་གསུངས།། བྱིས་པ་ཁྲོས་ནས་ཚིག་རྩུབ་དག། སྨྲས་ན་རྒྱལ་བར་འགྱུར་སྙམ་སེམས།། གང་ཞིག་ཚིག་དག་བཟོད་བྱེད་པ།། དེ་ནི་རྟག་ཏུ་རྒྱལ་བ་ཡིན།། བདེན་པར་སྨྲ་བྱ་ཁྲོ་མི་བྱ།། སློང
161a5 ལ་ཆུང་ཡང་སྦྱིན་པར་བྱ།། རྣམ་པ་འདི་གསུམ་གནས་ཀྱིས་ནི།། ལྷ་ཡི་གནས་སུ་འགྲོ་བར་འགྱུར།། ཁྲོ་བའི་ཟིལ་གྱིས་ནོན་པའི་མིས།། རང་གི་དོན་ཀྱང་མི་རྟོགས་པས།། འཁོར་གྱི་ནང་དུ་བག་སྐྱོང་ལ།། །
161a6 ཁྲོ་བ་མེད་པའི་ཚིག་སྨྲོས་ཤིག། གང་ཞིག་ཁྲོས་ལ་སླར་ཁྲོ་དང་།། དེ་ནི་སྡིག་པ་ཅན་འགྱུར་བས།། ཁྲོས་ལ་སླར་ནི་མ་ཁྲོ་དང་།། ཐུབ་པར་དཀའ་བའི་གཡུལ་ལས་རྒྱལ།། ཁྲོ་བ་མེད་པས་ཁྲོ་བ་ཐུག།
161a7 ལེགས་པས་ལེགས་པ་མ་ཡིན་ཐུབ།། སྦྱིན་པ་ཡིས་ནི་འཇུངས་པ་ཐུབ།། བདེན་པས་བདེན་པ་མ་ཡིན་ཐུབ།། དུལ་ཞིང་རིགས་པས་འཚོ་བ་དང་།། ཁྲོ་བ་མེད་པ་ག་ལ་ཁྲོ།། ཡང་དག་ཤེས་པས་རྣམ་གྲོལ།
iiif viewer powered by OpenSeadragon
160b - 161b