| | e-texts navigator
|
143b1 བཅས་པའི་མཁས་པ་ཡིས།། དོན་གཉིས་རབ་ཏུ་ལེན་པར་བྱེད།། ཚེ་འདིའི་དོན་ནི་གང་ཡོན་དང་།། རྫི་མའི་དོན་ནི་གང་ཡིན་པ།། དེ་དག་བརྟན་པས་རྟོགས་པས་ན།། མཁས་པ་ཞེས་ནི་བརྗོད་པ་ཡིན།
143b2 དགེ་སྦྱོང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། བདག་ཉིད་ངན་འགྲོ་ལས་འདྲེན་ཏེ།། འདམ་རྫབ་ལས་ནི་གླང་ཆེན་བཞིན།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིམ
143b3 ལྟ་བས།། སྡིག་པའི་ཆོས་རྣམས་སྤྲུག་པར་བྱེད།། རླུང་གིས་ལྗོན་ཤིང་ལོ་མ་བཞིན།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། ཀུན་ཏུ་སྦྱོར་བ་ཕྲ་སྦོམ་དག། མེ་ཡིས་བསྲེགས
143b4 པ་བཞིན་དུ་འགྲོ།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། ཀུན་ཏུ་སྦྱོར་བ་ཀུན་ཟད་པ།། རིམ་གྱིས་ཉམས་སུ་མྱོང་བར་འགྱུར།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག
143b5 མེད་པ་ལ་འཇིགས་ལྟ་བས།། འདུ་བྱེད་ཉེར་ནོ་ཞི་བ་ཡི།། ཞི་བའི་གོ་འཕང་སོ་སོར་རྟོགས།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། མྱ་ངན་འདས་དང་ཉེ་བའི་ཕྱིར།
143b6 ཡོངས་སུ་ཉམས་འགྱུར་མི་སྲིད་དོ།། བརྩོན་འགྲུས་ལྡན་ཞིང་བག་ཡོད་དང་།། ཆོས་སྤྱད་ལེགས་པར་སྤྱོད་བྱེད་པ།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། ཆོས་སྤྱོད་པས་ནི་བདེ་བ་འཐོབ།། ཞི་ཕྱིར་བསླབ་པ
143b7 ལ་བརྟན་དང་།། རྩོལ་བ་དང་ནི་བརྩོན་འགྲུས་བསྐྱེད།། མི་དྲན་པ་དང་བག་མེད་དང་།། བརྩོན་འགྲུས་ཆུང་དང་ཀུན་སྡོམ་མེད།། གཉིད་དང་སྙོམས་དང་གཡེང་བ་སྟེ།། འདི་དག་བསླབ་པའི་བར་ཆད་པས།།
iiif viewer powered by OpenSeadragon
143a - 144a