e-texts navigator
Collection
Volume
Page
Wylie

141a1 བཅོམ་པ།། འདོད་ཆགས་མི་བཟད་གཙང་བར་རྗེས་ལྟ་བས།། འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་འགྱུར་ཏེ།། རང་གི་འཆིང་བ་དེ་ཡིས་དམ་པོར་བྱེད།། གང་དག
141a2 རྣམ་རྟོག་ཉེ་བར་ཞི་དགའ་ཞིང་།། མི་སྡུག་བསྒོམ་པ་རྟག་ཏུ་དྲན་བྱེད་དེ།། དེ་ཡི་སྲིད་པ་རབ་ཏུ་སྤངས་པ་ཡིས།། རང་གི་འཆིང་བ་དེ་དག་རུལ་བར་བྱེད།། འདོད་པ་མུན་ནག་འདྲ་བས་གཡོགས།། སྲེད་པའི
141a3 དགབ་པས་བཀབ་པ་དང་།། བག་མེད་འཆིང་བས་བཅིངས་པ་དག། ཚེར་མར་ཆུད་པའི་ཉ་དང་འདྲ།། སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ།། འཁྲི་ཤིང་བཞིན་སྲེད་པ་འཕེལ་འགྱུར་ཞིང་།། རྒ་དང
141a4 འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ།། མ་དྲུང་ནུ་ཞོ་འདོད་པའི་བེའུ་འདྲ།། མི་དག་དྲན་བྱེད་དང་ཆགས་བྱེད་དང་།། ཡིད་བདེ་བ་ལ་རྟོག་པར་བྱེད་པ་དག། དེ་ཡིས་ཡང་དང་ཡང་དུ་འཁོར་བར་འཁྱམ།། ཚལ་ནང
141a5 འབྲས་བུ་འདོད་པའི་སྤྲེའུ་དང་མཚུངས།། མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ།། སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང་།། སྐྱེ་དགུ་སྲིད་པ་རྣམས་ཀྱིས་མདུན་དུ་བདར།། རྒྱ་ནང་རི་བོང་ཡོངས་སུ་ཆུག་པ་བཞིན།།
141a6 སྲིད་པ་རྣམས་ཀྱིས་མདུད་པའོ་སེམས་ཅན་དག། སྲིད་དང་སྲིད་མིན་དག་ལ་སེམས་ཆགས་ཤིང་།། ཀུན་སྦྱོར་རོ་ལ་དགའ་བའི་བྱིས་པ་རྣམས།། ཡང་དང་ཡང་དུ་སྡུག་བསྔལ་ཐོབ་པར་འགྱུར།། སྐྱེ་བོ་དྲུག་དང་བདེ།
141a7 རྣམས་དང་བྲལ་ཞིང་།། བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ།། རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ།། མ་དྲུང་ནུ་ཞོ་འདོད་པའི་བེའུ་འདྲ།། འདི་ནི་སྲིད་པ་དེ་འདྲ་སྤོང་བྱེད་པ།། སྲིད་དང་སྲིད་མིན་དག་ལ་སྲེད་བྲལ།




iiif viewer powered by OpenSeadragon

140b - 141b

Texts on this page

Ty055-002 - ched du brjod pa'i tshoms