e-texts navigator
Collection
Volume
Page
Wylie

140b1 ཐམས་ཅད་ཡོངས་སྤངས་པས།། མཆོག་ཏུ་བདེ་བ་ཐོབ་པར་འགྱུར།། ཇི་སྲིད་འདོད་པའི་རྗེས་འབྲང་བ།། དེ་སྲིད་བར་དུ་ངོམས་མི་འགྱུར།། དེ་ལས་གང་དག་ཤེས་རབ་ཀྱིས།། ཁྲོག་བྱེད་དེ་དག་ཚིམ་པ།།
140b2 འཐོབ།། འདོད་པས་ངོམས་པར་མི་འགྱུར་བས།། ཤེས་རབ་ཀྱིས་ནི་ངོམས་པ་སྦྱིད།། ཤེས་རབ་ཀྱིས་ནི་ངོམས་པའི་མོ།། སྲིད་པའི་དབང་དུ་མི་འགྱུར་རོ།། འདོད་ལ་ཆགས་པའི་མི་གང་ཡིན།
140b3 དེ་དག་ཀྱེ་མ་ཆོས་མིན་དགའ།། ཅུང་ཟད་གསོན་པོར་འཇུག་པ་ན།། བར་ཆད་མཐོང་བར་མི་འགྱུར་རོ།། བློ་ངན་ལོངས་སྤྱོན་གྱིས་བཅོམ་པས།། ཕ་རོལ་ཚོལ་བར་མི་བྱེད་ཅིང་།། བསམ་བརླག་འདོད
140b4 ལ་སྲེད་པ་ཡིས།། བདག་དང་གཞན་ཡང་ཕུང་བར་བྱེད།། ཀར་ཤ་པ་ཎའི་ཆར་བབས་ཀྱང་།། འདོད་པ་རྣམས་ཀྱིས་ངོམས་མི་འགྱུར།། འདོད་པ་མནོག་ཆུང་ཉེས་མང་བར།། མཁས་པ་རྣམས་ཀྱིས་ཁོང
140b5 དུ་ཆུད།། ལྷ་ཡི་འདོད་པ་རྣམས་ལ་ཡང་།། ལྷག་པར་དཀའ་བར་མི་འགྱུར་གྱི།། རྫོགས་སངས་རྒྱས་དང་ཉན་ཐོས་རྣམས།། སྲེད་པ་ཟད་པས་དགྱེས་པར་འགྱུར།། གངས་ཅན་དང་ནི་མཉམ་པ་ཡི།
140b6 གསེར་གྱི་རི་བོ་ཡོད་གྱུར་ཀྱང་།། ནོར་ངེས་གཅིག་ཀྱང་མི་ཚིམ་པར།། རྟོགས་པར་གྱིས་ལ་ལེགས་པར་སྤྱོད།། གང་དག་སྡུག་བསྔལ་དེ་མོ་ཆུས་ཤེས་པར།། དེ་དག་ནམ་ཡང་འདོད་ལ་དགའ་མི་འགྱུར།།
140b7 འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་ཤེས་ནས།། དེ་དག་གདུལ་ཕྱིར་བརྟན་པ་སློབ་པར་བྱེད།། འདོད་པའི་ཚོམས་ཏེ་གཉིས་པའོ།། །། ལུས་ཅན་རྣམ་པར་རྟོགས་པས་རབ




iiif viewer powered by OpenSeadragon

140a - 141a

Texts on this page

Ty055-002 - ched du brjod pa'i tshoms