| | e-texts navigator
|
139a1 #། འདོད་སྤང་ནུས་རེ་སན།། རྒྱལ་པོའི་ཤིང་ནཱ་ཤིན་ཏུ་བཀྲ་བའང་འཇིག། དེ་བཞིན་ལུས་ཀྱང་ཉེ་བར་རྒ་བར་འགྱུར།། དམ་པ་རྣམས་ཀྱི་ཆོས་འདི་དམ་པ་སྟེ།། མི་མཆོག་གཞན་རྟོགས།
139a2 བྱེད་ཅིང་རྒ་མི་འགྱུར།། རྒ་བ་ཁྱོད་ནི་བླུན་ཞིང་ངན།། ཁྱོད་ནི་མ་རིགས་བྱེད་པ་སྟེ།། ཡིད་དུ་འོང་བའི་གཟུགས་འདི་ཡང་།། ཁྱོད་ཀྱིས་མངོན་པར་བཅོམ་པར་གྱུར།། གང་ཞིག་ལོ་ནི་བརྒྱ་འཚོ་བ།། དེ་ཡང
139a3 འཆི་བདག་ཉིད་ཀྱིས་ཁྲིད།། འདི་དག་ན་བར་འགྱུར་བ་འམ།། ཡང་ན་ན་པའམ་འཆི་བས་འཇོམས།། རྟག་ཏུ་ལྡོག་པ་མེད་པར་འགྲོ་འགྱུར་ཞིང་།། ཉིན་དང་མཚན་དུ་རབ་ཏུ་འཇིགས་པ་དང་།། སྐྱེ་དང་འཆི།
139a4 བའི་སྡུག་བསྔལ་དང་ལྡན་པ།། ཆུ་ཚན་ནང་དུ་གདུངས་པའི་ཉ་དང་འདྲ།། ཚེ་འདི་ཉིད་དང་མཚན་མོ་དང་།། འགྲོ་བ་དང་ནི་འདུག་པ་ན།། ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ།། ཕྱིར་མི་ལྡོག་པར་འགྲོ་བར་འགྱུར།། ཆུ
139a5 ཀླུང་ནང་གི་ཉ་ལྟ་བུར།། གང་ཞིག་ཉིན་ཞག་འདའ་བ་ཡིས།། ཚེ་ནི་ཤིན་ཏུ་ཐུང་འགྱུར་ན།། དེ་ལ་དགའ་བར་བྱ་ཅི་ཡོད།། གསོན་མཐའ་འཆི་བ་ཡིན་པའི་ཕྱིར།། ལུས་འདི་ཡོངས་སུ་རྒ་བ་དང་།། ནད་ཀྱི་ཚང་འདི།།
139a6 མྱུར་འཇིག་ཅིང་།། རྣག་གི་ཚོགས་ཀྱང་འཇིག་པར་འགྱུར།། ཀྱེ་མ་ལུས་འདི་མི་ཐོགས་པར།། སྟོང་ཞིང་རྣམ་ཤེས་དང་བྲལ་ནས།། དུར་ཁྲོད་བོར་བའི་མགལ་དུམ་ལྟར།། ས་ཡི་སྟེང་དུ་འགྱེལ་བར་འགྲུར།
139a7 རྒུན་དུ་ནད་ཀྱིས་མངོན་གདུང་ཞིང་།། རྟག་ཏུ་མི་གཙང་འཛག་པ་དང་།། རྒ་དང་འཆི་བས་འཚེར་འགྲིབ་པའི།། ལུས་འདི་དོ་མ་ཅིར་མི་རུང་།། མྱུར་དུ་འཇིག་ཅིང་ན་བ་དང་།། རྣག་དང་ལྡན་པའི་ལུས་འདི་ཡིས།།
iiif viewer powered by OpenSeadragon
138b - 139b