e-texts navigator
Collection
Volume
Page
Wylie

364a1 རྣམ་པར་སྨིན་པ་ཡང་དག་པར་མཐོང་ན། སྦྱིན་པའི་ཞིང་ལ་སུ་ཞིག་སྦྱིན་པར་མི་བྱེད་ཅེས་ཟེར་ཞིང་། དེ་ལྟར་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་སྤྱི་བོར་ཐལ་མོ་སྦྱར་ཏེ
364a2 སྒྲ་གསང་མཐོན་པོས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཟེར་བར་གྱུར་ཏོ།། དེ་ནས་གནས་བརྟ་ན་ཀུན་དགའ་བོས་སྦྱིན་པའི་རབས་སྟོན་པ་མཛད་དོ།། དེ་ནས་དེད་དཔོན་ཅི་མ་ལྡན་ལས་ལངས་ཏེ
364a3 བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུ་ས་མོ་ག་ཉི་ས་ས་ལ་བཙུགས་ཏེ། གནས་བརྟ་ན་ཀུན་དགའ་བོ་གང་ན་བདེར་ཐལ་མོ་སྦྱར་ཏེ། ཕྱག་བྱས་ནས་ལན་གསུམ་གྱི་བར་དུ་ཆེད་དུ་བརྗོད་པ་ཆེད
364a4 དུ་བརྗོད་དེ། བཙུན་པ་གང་བདག་ཅག་ལ་འཕགས་པ་ཀུན་དགའ་བོས་མཛད་པ་འདི་ནི་མས་ཀྱང་མ་བགྱིས། ཕས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས་ལྷ་རྣམས་ཀྱིས་ཀྱང་མ་བགྱིས།
364a5 ནང་མི་དང་ཉེ་དུའི་ཚོགས་ཡིད་དུ་འོང་བསམ་བགྱིས། སྡོར་གུམ་པ་རྣམས་ཀྱིས་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོན་བསྐམས་པ་ནས་ཇི་སྲིད། རྒྱལ་དང་ལྷ་མི་རྣམས་ཀྱིས་མཆོད
364a6 གྱུར་ཅིང་། སྐྱེ་བ་རྒ་ཤིའི་སྐྱོན་དང་རྣམ་བྲལ་བས། སྲིད་པ་བརྒྱ་སྟོང་དག་ན་མཐོང་དགའ་བ། ཐུབ་པ་ཁྱོད་མཐོང་དེང་བདག་འབྲས་བཅས་གྱུར། དེ་ནས་གནས་བརྟན་ཀུན་དགའ་བོས་རྒྱལ
364a7 པོ་དང་བཅས་པའི་འཁོར་དེ་རྣམས་ལ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་བརྟན་པ་དང་། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པ་དང




iiif viewer powered by OpenSeadragon

363b - 364b

Texts on this page

Ty054-022 - gser mdog gi rtog pa brjod pa