e-texts navigator
Collection
Volume
Page
Wylie

363b1 དགེ་འདུརན་དེ་རྣམས་ལ་བསྐས་པ་དང་། ཡིར་ཤིརན་ཏུ་དགའ་བ་སྐྱེས་པར་གྱུར་ཏོ།། དགེ་སློང་གསེར་མདོག་གིས་རོའི་བསམ་པ་ཤེས་རས་སྨྲས་པ། ཡང་ཁྱེད་ཐུགས་ལས་ཆུང་བར་མཛོད་ཅིག་བདག།
363b2 ཅད་ཀྱིས་དགེ་སློང་གི་དགེ་འདུན་རྣམས་ལ་གསེར་མདོག་ཅན་གྱི་ཆོས་གོས་གསུམ་གསུམ་དབུལ་བར་བགྱིའོ།། དེ་ནས་དགེ་སློང་གསེར་མདོག་གིས་རང་གི་ལུས་ལས་གསེར་གྱི་མདོག་ཅན་གྱི་གོས
363b3 ཕུད་ཅིང་བུད་ཅིང་སྲང་འབུམ་རི་བའི་ཆོས་གོས་གསུམ་གསུམ་དགེ་སློང་བྱེ་བ་ཟག་གསུམ་ལ་རྒན་པའི་རིམ་པ་བཞིན་དུ་བསྟབས་སོ།། བར་སྐབས་དེར་ལྷ་བརྒྱ་སྟོང་དུ་མ་ཅ་ཅོའི་སྒྲ་སྒྲོགས་ཤིང
363b4 རོལ་མོ་སྣ་ཚོགས་ཡང་དག་པར་བརྡུང་བ་དང་། ལྷའི་མེ་ཏོག་དང་། བྱེ་མ་དང་གོས་ཀྱི་ཆེར་བབ་པར་གྱུར་ཏོ།། ཇི་ལྟར་ཕྱོགས་དེར་ཕྱོགས་སྣ་ཚོགས་ནས་ལྤགས་པའི་སྐྱེ་བོའི་ཚོགས་རྣམ
363b5 དང་རྒྱལ་པོ་མ་སྐྱེས་དགྲ་བཙུན་མོ་དང་། གཞོན་ནུ་དང་། དྲོར་པོ་དང་། གྲོང་ཁྱེར་པ་རྣམས་དང་། སྐྱེ་བོའི་ཚོགས་དང་བཅས་པ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་ངོ་མཚར་ལ་བལྟས
363b6 ནས། རྨད་དུ་བྱུང་བའི་མིག་གདངས་ཏེ། ལན་གསུམ་གྱི་བར་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཨེ་མའོ་བསོད་ནམས་ཀྱི་སྔོ་བྲས་བུའི་རྣམ་པར་སྨིན་པ། ཨེ་མའོ་བསོད་ནམས་ཀྱི
363b7 སྟོབས། ཨེ་མའི་སྦྱིན་གནས་ཀྱི་ཞིང་ལ་སྦྱིན་པའི་ས་བོན་བཏབ་པའི་རྣམ་པར་སྨིན་པ་འདག་པར་མི་བྱེད་པ་ཡིན་ན། མཁས་པ་སུ་ཞིག་གིས་རྣམ་པ་འདི་ལྟ་བུའི་བསོད་ནམས་ཀྱི་འབྲས་བུའི




iiif viewer powered by OpenSeadragon

363a - 364a

Texts on this page

Ty054-022 - gser mdog gi rtog pa brjod pa