| | e-texts navigator
|
363a1 སོགས་པ་ནགས་ཚལ་དང་། འངང་ཆུ་དང་གཡའ་ཆུ་དང་རྒྱ་མཚོ་དང་གྲོང་རྡལ་དང་ཤིང་གི་མཆོག་དང་གཙུག་ལག་ཁང་རྣམས་ན་གང་དག་གནས།
363a2 པདང་ཆུ་མདོ་དང་། ཁང་སྟོང་དང་། དུར་ཁྲོད་ལ་སོགས་པ་ན་དགེ་སློང་གང་ཞིག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་བདེ་བ་ཐོབ་ནས་རབ་ཏུ་གནས་པ་རྣམས་སྐད་ཅིག་མ་དེ་ལ་དེ
363a3 དག་ཐམས་ཅད་ནམ་མཁའི་ངོས་ཨ་ཤོ་ཀ་དང་། ཀིང་ཤྲུ་ཀ་དང་ཟངས་དང་། དུས་འཚམས་ཀྱིས་སྤྲིན་དྲི་མ་མེད་པས་ནམ་མཁའ་ཁེབས་པ་ལྟ་བུར་བྱས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར
363a4 དུ་ལྷགས་ནས་འདུ་བའི་གནས་དེར་ཚོགས་ཏེ། སྐད་ཅིག་མ་དེ་ཉིད་ལ་དགེ་སློང་བྱེ་བ་ཕྲག་གསུམ་ཡང་དག་པར་འདུས་པར་གྱུར་ཏེ། བྱེ་བ་གཅིག་ནི་ཟག་པ་ཟད་པ་རྣམས་སོ།། གཉིས་པ་ནི་བསླབ
363a5 པ་ལ་ཞུགས་པ་རྣམས་སོ།། གསུམ་པ་ནི་སོ་སོའི་སྐྱེ་བོ་དགེ་བ་ཅན་རྣམས་ཏེ། དེ་ནས་རྒན་པའི་རིམ་པ་ཇི་ལྟ་བ་བཞིན་དུ་གདན་བཤམས་པ་ལ་བཞུགས་སོ།། དེ་ནས་དེད་དཔོན་ཉི་མས་གནས་བརྟན
363a6 ཀུན་དགའ་བོ་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིགས་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཏུང་བ་རྣམས་རང་གི་ལག་ནས་ཀུན་ཏུ་ཚིམ་པར་བསྒྲུབས་ཏེ།
363a7 ཇི་སྲིད་དགེ་སློང་གི་དགེ་འདུན་གྱིས་ལོངས་སྤྱད་པར་རིག་ནས། ཕྱག་བཅབས་ཤིང་རླུང་བཟེད་བསྡུས་ནས། ཆོས་གོས་གསུམ་པོ་བརྒྱ་སོང་དུ་མ་གསོལ་བར་འདོད་ནས། དགེ་སློང་ན།
iiif viewer powered by OpenSeadragon
362b - 363b