e-texts navigator
Collection
Volume
Page
Wylie

362a1 པའི་གཞི་རབ་ཏུ་བཟུང་བར་གྱུར་ཏོ།། ཡང་འཁོར་བ་ལ་མོ་ཆེ་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་བབ་པ་དང་དགེ་འདུན་ལ་འབབ་པ་ལ་བཞག་པར་གྱུར་ཏོ།།
362a2 དེ་ནས་དེད་དཔོན་ཉི་མ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། གནས་བརྟ་ན་ཀུན་དགའ་བོ་ལ་འདི་སྐད་ཅེས་གསོལ་ཏོ།། འཕག་པ
362a3 ཀུན་དགའ་བོ་བདག་གིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་བསྡུམ་པའི་ནང་དུ་སྤྱན་དྲངས་ལ་ཞལ་བས་རོ་དྲུག་ཅུ་པའི་བཤོས་དྲངས་ཏེ་དགེ་སློང་རེ་རེ་ཞིང་ཟང་འབུམའི
362a4 བའི་ཆོས་གོས་དབུལ་བར་བྱའོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་པས། ད་ནི་འཕགས་པ་ཀུན་དགའ་བོ་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་བཤོས།།
362a5 གཙང་སྦྱར་བར་འཚལ་ལོ།། གནས་བརྟན་ཀུན་དགའ་བོས་བཀའ་སྩལ་པ། དེད་དཔོན་དེ་བཞིན་དུ་གྱིས་ཤིག། ངས་ཇི་ལྟར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་འཛམ་བུའི་གླིང་ན་ཇི་སྙེད
362a6 ཅིག་གནས་པ་ཐམས་ཅད་འདིར་འདུས་པར་གྱུར་བ་དེ་ལྟར་བྱའོ།། དེ་ནས་དེད་དཔོན་ཉི་མ་རབ་ཏུ་དགའ་བས་རྒྱས་པའི་ཡིད་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་བྱི་རོལ་འདུ་བའི་གནས་རྡོ་དང་གྱི
362a7 མོ་དང་། གསེག་མ་བསལ་ཏེ། ཙན་དན་གྱི་ཆུས་ཆག་ཆག་བཏབ་ནས། གདུགས་དང་། རྒྱལ་མཚན་དང་། བ་ད་ན་བསྒྲེང་སྟེ། མུ་ཏིག་དང་གོས་ཀྱི་ཆུ་ན་འཕྱང་གདགས་ཤིང་མེ་ཏོག་སྣ་ཚོགས




iiif viewer powered by OpenSeadragon

361b - 362b

Texts on this page

Ty054-022 - gser mdog gi rtog pa brjod pa