| | e-texts navigator
|
361b1 བཤགས་པ་མ་བྱས་ན་ནི། སེམས་ཅན་དམྱལ་བ་རེ་རེར་ཡང་སྐྱེ་བ་ལྔ་བཅཝ་ལྔ་བརྒྱ་མྱོང་བར་འགྱུར་ཞིང་སྐྱེ་བ་ལྔ་བརྒྱར་རི་ཡི་དགས་རྣམས་སུ་བྱེ་བལྔ་བརྒྱ་ནི་དུང་འགྲོ་རྣམས་སུ་རྩེ་བར་འགྱུར་རོ།
361b2 གང་ཡང་འདིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་བསྟན་པ་ལ་རབ་ཏུ་བྱུང་རྩེ། ཚངས་པར་སྤྱོད་པ་གྱུད་པས་ལས་དེའི་རྣམ་པར་སྨིན་པསང་ལྟར་ཡང་འདི་བཅོ
361b3 ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པའི་འབྲས་བུ་ཉིད་མངོན་སུམ་དུ་བྱས་པ་ཡིན་ནོ།། རྒྱལ་པོ་ཆེན་པོ་དེ་བས་བདག་ཉིད་སྡུག
361b4 བསྔལ་བར་མི་འདོད་པས་གཞན་དག་ལ་ཐ་ན་སེམས་ཀྱིས་ཕྲད་པ་ཙམ་ཡང་མི་བྱའོ།། གྲགས་པ་མེད་པའི་འཇིག་པས་གཞན་དག་ལ་གྲགས་པ་མ་ཡིན་པ་བསྒྲགས་པར་མི་བྱའོ།། བདག་ཅིད
361b5 བདེ་བར་འདོད་པས་གཞན་རྣམས་ཀྱི་བདེ་བ་དབྲོག་པར་མི་བྱའོ།། དེ་ནས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། སྲོག་ཆགས་བརྒྱ་སྐྱོང་དུ་མ་དཔག་ཏུ་མེད་པས་ཁྱད་པར་རྟོགས་པར་གྱུར
361b6 ཏེརྫལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལ་ལ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ།། ལ་ལ་ནི་རབ་ཏུ་ཟུང་བས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་བཅིད།།
361b7 མངོན་སུམ་དུ་བྱས་སོ།། ཡ་ལས་མི་ཐར་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྟེར་རོ།། ལ་ལས་མ་ཅན་ཐོས་ཀྱི་བྱང་ཆུབ་ཏུའོ།། ལ་ལ་ནི་སྐྱབས་སུ་སོང་ཞིང་བརྩས
iiif viewer powered by OpenSeadragon
361a - 362a