| | e-texts navigator
|
217b1 པོས་གང་གཉིས་སྦ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སའི་སྟེང་དུ་ཉི་མ་དང་ཟླ་ལྟར་གྱུར་སྟི།། རྫ་འགྱུར་ཡང་ཡོད།
217b2 རྒྱ་གར་སྐད་དུ། ཨཱརྠ་རྣེ་མང་ཀཻ་ར་པ་འི་བྲྀཙྪ་ན་མ་མཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདེ་བྱེད་ཀྱིས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན
217b3 པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་ཡུལ་ན། སེར་སྒྲའི་གནས་ན་ཤཱཿ
217b4 རྣམས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་ཤཱཀྱའི་བུ་བར་བྱེད་ཅེས་བྱ་བ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས
217b5 བྱུང་སྟེ། ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་གལ་བ་དང་། བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས
217b6 བུ་བདེ་བྱེད་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དདེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན།། བླ་ན་མེད།
217b7 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཚེགས་ཆུང་ངུས་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་སྒྲུབ་པར་བགྱིད། སངས་རྒྱས་ཀྱི་ཞིང་ནས་ས
iiif viewer powered by OpenSeadragon
217a - 218a