e-texts navigator
Collection
Volume
Page
Wylie

207b1 ནས་རས་ཤིང་རོབ་ཏུ་དམྱལ་བ་ཆེན་པོ་ཆེ་བར་བྱེ་བར་འགྱུར་འ་ས་དང་སྡུག་བསྔལ་དྲག་པ་དང་། ནུབ་པ་དང་། ཚ་དང་། མིང་དུ་མ་འོང་བའི་ཚེར་བསྤོང་བར་འགྱུར་རོ།། བམ་པར་འགྱུར
207b2 བའི་ཆོས་བཞིའི་ལྟུང་བ་བརྟག་པའོ།། དགེ་སློང་དག་དེ་སྨྲ་བས་ན། གང་དེ་དག་བསྟན་བཅོས་ཐོས་པ་རྣམས་ཀྱི་བདག་ལ་ཕན་པར་བྱ་བ་དང་། མིང་བརྩི་བ་དང་། སྙིང་རྗེ་བ་དང་།
207b3 དོན་འདོད་པ་དང་། ཕན་པ་ཚོལ་བས་སྙིང་བརྩེ་བ་འདིས་ཁྱེད་ཅག་རྣམས་ཀྱིས་འདི་ལྟར་བྱ་སྟེ། དགེ་སློང་དག་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དང་། རི་ཁྲོད་དང་རི་བུག་དང
207b4 བལ་པུན་ཛཱ་བྷཱ་བ་ཀ་ཤ་དང་། དུར་ཁྲོད་དང་། ནགས་འདྲབ་དང་། བས་མཐའི་གནས་མལ་དུ་གནས་ཏེ། འདི་དག་ངེས་པར་བསམ་པར་བྱའོ།། དགེ་སློང་དག་བག་ཡོད་པར་གྱིས་ཤིག། ཅི་ནས་ཀྱང
207b5 ཕྱིས་འགྱོད་པར་འགྱུར་བ་དེ་ལྟར་མ་བྱེད་ཅིག། འདི་ནི་ངའི་རྗེས་སུ་བསྟན་པའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས
207b6 གསུངས་པ་ལ་མངོན་པར་བསྟོད་དོ།། ལྷུང་བསྡེ་ལྔའི་དགེ་བ་དང་མི་དགེ་བའི་འབྲས་བུ་བརྟག་པའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཨཱ་ཙཨཱརྱ་ཛྙཱ་ན་ཤཱཾ་ཀུཔ་ཏ་དང་།
207b7 བོད་ཀྱི་ལོ་ཙ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཀུ་མཱ་ར་དྲིཙྪ་ཏ་སཱུ་ཏྲ། བོད་སྐད་དུ། གནོ




iiif viewer powered by OpenSeadragon

207a - 208a

Texts on this page

Ty054-013 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo
Ty054-014 - gzhon nu dpe'i mdo